ཀྲུང་གོ་བོད་ཀྱི་དྲ་བ།

​བྱིས་པ་སློབ་སྦྱོང་ལ་སུན་སྣང་སྐྱེས་དུས་ཇི་ལྟར་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཕ་མས་རྒྱུན་པར་བྱིས་པའི་སློབ་སྦྱོང་དང་འབྲེལ་བའི་གནད་དོན་ལ་དོ་སྣང་བྱེད་དགོས་པར་མ་ཟད། བྱིས་པ་དང་མཉམ་དུ་གནད་དོན་དེ་དག་ལ་དབྱེ་ཞིབ་བྱེད་དགོས། གལ་ཏེ་བྱིས་པ་སློབ་སྦྱོང་ལ་སུན་སྣང་སྐྱེས་ནས་སློབ་སྦྱོང་བྱེད་འདོད་མེད་པའམ་ཡང་ན་སྐད་ཆ་བཤད་འདོད་མེད་པའི་སྐབས་སུ། ཁྱིམ་བདག་གིས་དེའི་རྒྱུ་རྐྱེན་ཅི་ཡིན་པར་རྒྱུས་ལོན་གཏིང་ཟབ་བྱས་ནས། བྱིས་པའི་སེམས་ཀྱི་ཁུར་བོ་དེ་ཅི་ཡིན་པ་ཤེས་ཐབས་བྱེད་དགོས།

བྱིས་པའི་སྒེར་ཚུགས་ཀྱི་ནུས་པར་སྐུལ་འདེད་གཏོང་དགོས། ཕ་མས་བྱིས་པ་ཚོར་སྒེར་ཚུགས་ཀྱིས་ལེགས་འགྲུབ་བྱེད་ཐུབ་པའི་སློབ་སྦྱོང་གི་ལས་འགན་ཆུང་ངུ་རེ་སྤྲད་ཚེ། བྱིས་པས་དེ་བཞིན་དུ་ལེགས་པར་བསྒྲུབ་ཐུབ་པར་མ་ཟད། ད་དུང་བྱིས་པའི་རང་རློམ་བསམ་པ་ཇེ་མཐོར་འགྲོ་བར་ཕན་པ་ཆེན་པོ་ཡོད།

ཁྱིམ་བདག་གིས་བྱིས་པའི་ཁྱིམ་ཚང་གི་ལས་བྱ་དེ་བརྟན་འཇགས་རང་བཞིན་གྱི་འཆར་གཞི་ནང་བཀོད་ནས་ཉིན་ལྟར་ལག་བསྟར་བྱེད་དགོས། དེ་ལྟར་འབད་ན་བྱིས་པ་སློབ་སྦྱོང་ལ་གོམས་པར་ཕན་པ་ཡོད་དོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།