ཀྲུང་གོ་བོད་ཀྱི་དྲ་བ།

ཐཱན་སྐྱུར་སྐོམ་ཆུ་མང་དུ་འཐུང་ན་མིག་ཤེད་ལ་གནོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐཱན་སྐྱུར་སྐོམ་ཆུར་མི་མང་པོས་དགའ་མོས་ཆེན་པོ་བྱེད། འོན་ཀྱང་། ཁྱེད་ཀྱིས་ཐཱན་སྐྱུར་སྐོམ་ཆུས་མིག་དབང་རྒྱང་སྒྲིབ་གཏོང་བར་བྱེད་པ་ཤེས་སམ། ཆེད་མཁས་པས་བསྟན་དོན། དུས་རྒྱུན་ཐཱན་སྐྱུར་སྐོམ་ཆུ་འཐུང་ན། ལུས་པོའི་ཀལ་ཇེ་ཉུང་དུ་སོང་ནས། མིག་སྤྲིན་ནང་གི་ཀལ་འདུས་ཚད་ཉུང་དུ་ཕྱིན་ཏེ། མིག་འབྲས་ལྡེབས་ཀྱི་རྐྱང་ཤུགས་མར་ཆག་ཏེ་ལྟོས་བཅས་ཀྱིས་དབྱིབས་འགྱུར་ནས། རྒྱང་སྒྲིབ་ཚད་ཇེ་ཆེར་འགྱུར་སྲིད།

རྒྱང་སྒྲིབ་ཚད་ཇེ་མཐོར་འགྲོ་བར་འགོག་ཆེད། འཚོ་བཅུད་སྙོམས་སྒྲིག་ཡོང་བར་དོ་སྣང་བྱེད་དགོས། ཞིབ་འཇུག་བྱས་པ་ལྟར་ན། མིག་དབང་རྒྱང་སྒྲིབ་ཅན་གྱི་ལུས་པོར་ཏིལ་དང་ཀེ་སོགས་གཞི་རྒྱུ་ཕྲ་མོ་མི་འདང་བ་ཡིན། ཀ་ར་མང་དུ་ཟས་ན་ལུས་པོའི་སྐྱེ་འཚར་རྒྱུ“སྤྲི་དཀར་རྫས3“འདུས་ཚད་ཉུང་བར་ཆགས་འགྲོ། རྫས་འདི་དག་ནི་མིག་འབྲས་འཚར་སྐྱེ་ཡོང་བའི་དངོས་པོ་ནུས་ལྡན་ཞིག་ཡིན། ན་གཞོན་ཚོས་སྲོག་ཆགས་ཀྱི་ཕྲུམ་རུས་དང་སྲན་རིགས། ཞ་སྨི་སྐམ་པོ་ཆུང་རིགས། སྒོ་ང་། བ་དམ་དང་ཁ་སུར་སོགས་ཀལ་འདུས་ཚད་མཐོ་བའི་ཟ་མ་བཟའ་དགོས། ཐཱན་སྐྱུར་སྐོམ་ཆུ་ཉུང་དུ་འཐུང་ན་བཟང་། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།