ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་བོད་ཚན་ཞིབ་ཀྱིས་ཨ་ཆེན་གངས་རྒྱབ་ཀྱི་མཚེའུ་ཡི་ཆུ་འོག་ས་དབྱིབས་གྲངས་གཞི་མ་ལག་དང་ལྡན་པའི་ངང་ཚད་ལེན་ཐུབ་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2020-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་བོད་ཚན་ཞིབ་ཀྱིས་པས་ཨ་ཆེན་གངས་རྒྱབ་ཀྱི་མཚེའུ་ཡི་ཆུ་འོག་ས་དབྱིབས་གྲངས་གཞི་མ་ལག་དང་ལྡན་པའི་ངང་ཚད་ལེན་ཐུབ་ཡོད།

ཚེས30ཉིན། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་གཉིས་པའི་མཚོ་བོད་ཚན་ཞིབ་མཚེའུ་རིམ་འགྱུར་དང་གནམ་གཤིས་འགྱུར་ལྡོག་དང་བླངས་ཚན་ཞིབ་ཡན་ལག་རུ་ཁག་གིས། ཨ་ཆེན་གངས་རྒྱབ་ས་ཁུལ་གྱི་མཚེའུ་གཙོ་བོར་མ་ལག་ལྡན་པའི་རྟོག་ཞིབ་བྱས་ཏེ་ས་ཁོངས་དེ་གའི་མཚེའུ་ཆེ་འབྲིང་གི་མཚོ་འོག་ས་དབྱིབས་དང་ཆུ་སྤུས་གཤགས་ངོས་སོགས་ཀྱི་གྲངས་གཞི་ཐོག་མར་ཐོབ། དེས“ཨེ་ཤེ་ཡའི་ཆུ་མཛོད”ཀྱི་མཚེའུ་འགྱུར་ལྡོག་དང་། རྨ་འབྲི་རྫ་གསུམ་འབྱུང་ཁུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། ས་ཁོངས་ཀྱི་ཆུའི་ཐོན་ཁུངས་བེད་སྤྱོད། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་རྨང་གཞིའི་གྲངས་གཞི་མཁོ་འདོན་བྱས་ཡོད།  

青藏科考:系统测得可可西里湖泊水下地形数据  

30日,记者从中科院青藏高原研究所获悉,第二次青藏科考湖泊演变及气候变化响应科考分队,对可可西里地区的主要湖泊进行了系统考察,首次获得该区域大中型湖泊水下地形、水质剖面等数据,为“亚洲水塔”湖泊变化、三江源国家公园建设、区域水资源利用和可持续发展提供了坚实的基础数据。

མཚོ་བོད་མཐོ་སྒང་ནི་རང་རྒྱལ་གྱི་མཚེའུ་ཁུལ་ཆེན་པོ་གསུམ་གྱི་གྲས་ཡིན། དེ་གའི་མཚེའུ་རྒྱ་ཁྱོན་གྱིས་རང་རྒྱལ་གྱི་མཚེའུ་སྤྱིའི་རྒྱ་ཁྱོན་གྱི50%ཡན་ཟིན་ཡོད། ཨ་ཆེན་གངས་རྒྱབ་ས་ཁུལ་ནི་མིག་སྔར་མཚོ་བོད་མཐོ་སྒང་གི་མཚེའུའི་རྟོག་ཞིབ་ཁྲོད་ཀྱི་སྟོང་ཆ་ཡིན་ཞིང་། འབྲེལ་ཡོད་དཔྱད་ཡིག་དཀོན་པས་མཚོ་བོད་མཐོ་སྒང་གི་མཚེའུའི་ཆུ་དཔྱད་གནས་ཚུལ་ལ་ཞིབ་འཇུག་བྱ་རྒྱུར་ཚོད་འཛིན་ཐེབས་ཡོད།  

  青藏高原是我国最主要的三大湖泊区之一,其湖泊面积占我国湖泊总面积50%以上。可可西里区域是目前青藏高原湖泊考察中的空白区,相关资料的缺乏限制了对青藏高原湖泊水文状况的研究。

ཐེངས་འདིའི་རྟོག་ཞིབ་ནང་ཨ་ཆེན་གངས་རྒྱབ་་ཀྱི་ཝུའུ་ལན་ཝུའུ་ལ་མཚེའུ་དང་། ཡུང་ཧུང་ཤིས་ཅིན་ཝུའུ་ལན་མཚེའུ། ཨ་ཆེན་གངས་རྒྱབ་མཚེའུ་སོགས་མཚེའུ་གཙོ་བོ་བདུན་གྱི་མཚོ་འོག་ས་དབྱིབས་ཀྱི་འཕྲེད་ཐིག་དང་། གཏིང་ཚད་ཀྱི་ས་དབྱིབས། ཆུ་སྤུས་གཤགས་ངོས་ཀྱི་གྲངས་གཞི་བཅས་ལ་ཐེངས་དང་པོར་ཁྱོན་ཡོངས་ནས་ལྟ་ཞིབ་ཚད་ལེན་བྱས་པ་རེད། མཚོ་ངོས་ཀྱི་སྤྱིའི་ཚད་ལེན་ལམ་ཐིག་ལ་སྤྱི་ལེ1280དང་། མཚོ་ངོས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2330ཟིན་ཡོད། དེ་དང་ཆབས་ཅིག་ཚན་ཞིབ་རུ་ཁག་གིས་ད་དུང་མཚེའུ་ཡི་དིམ་བསགས་དངོས་དཔེ7དང་། མཚེའུ་དང་གཙང་པོའི་ཆུ་དཔེ25། ས་ངོས་ཀྱི་དངོས་དཔེ102། སྨི10ནས40བར་གྱི་མཚོ་གཏིང་གི་བྲག་རྡོ10བཅས་འཚོལ་བསྡུ་བྱས་ཡོད། 

本次考察首次全面测量了可可西里区域乌兰乌拉湖、永红—西金乌兰湖、可可西里湖等7个主要湖泊水下地形经纬度和深度的地形、水质剖面数据,湖面总测线长1280公里、涵盖湖面面积共计2330平方公里。同时,科考队还采集了湖泊沉积样品7个、湖泊与河流水样25个、表土样品102个、10至40米不等水深处湖泊岩芯10支。

རྟོག་ཞིབ་བྱས་འབྲས་ལས་མངོན་པ་ལྟར་ན། ས་ཁོངས་དེའི་མཚོའུ་དང་བོད་ལྗོངས་ལྷོ་རྒྱུད་ས་ཁུལ་གྱི་རྒྱ་ཁྱོན་ཆེ་ཆུང་འདྲ་བའི་མཚོ་དང་བསྡུར་ན། ཆུའི་གཏིང་ཚད་ལྟོས་བཅས་ཀྱིས་ཅུང་ཆུང་བའི་ཁྱད་ཆོས་ལྡན། དེའི་ཁྲོད་ཐེ་ལ་ཧྲི་མཚེའུ་ཡི་ཆེས་གཏིང་ཟབ་སར་སྨི9.1དང་། ཤིས་ཅིན་ཝུའུ་ལན་མཚེའུ་ཡི་ཆ་སྙོམས་ཟབ་ཚད་སྨི5.4ལས་མེད། ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་ཆར་ཆུ་མང་དུ་སོང་བ་དང་འཁྱགས་རོམ་ཞུ་བ་དང་བསྟུན། ས་ཁོངས་དེའི་མཚེའུ་ཡི་རྒྱ་ཁྱོན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་ཆུ་མང་དུ་ཕྱིན་ནས་མཚེའུ་མང་ཆེ་བ20%ཡན་རྒྱ་ཆེར་ཕྱིན་ཡོད། རྒྱ་ཁྱོན་ཆེ་རུ་ཕྱིན་པ་དང་སྦྲགས་མཚེའུ་མང་པོའི་ཚྭ་འདུས་ཚད་ཀྱང་མར་ཆག་ཡོད། 

考察结果显示,该区域湖泊与藏南地区近似面积大小的湖泊相比,具有水深相对较小的特点。其中,特拉什湖最深处仅为9.7米、西金乌兰湖平均深度只有5.4米。近几十年来,随着降水增多和冰川退缩,该区域湖泊面积明显扩张,水量增加,多数湖泊扩张20%以上。随着面积的扩张,不少湖泊盐度也随之下降。

ཐེངས་གཉིས་པའི་མཚོ་བོད་ཚན་ཞིབ་མཚེའུ་རིམ་འགྱུར་དང་གནམ་གཤིས་འགྱུར་ལྡོག་དང་ལེན་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་གི་རུ་དཔོན་ནམ་ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་སུའོ་ཡི་ཞིབ་འཇུག་པ་ཀྲུའུ་ལི་ཕིང་གིས་བསྟན་དོན། མ་འོངས་པར་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་གིས་གྲངས་གཞི་དེ་དག་གི་རྨང་གཞིའི་ཐོག གྲངས་ཀའི་ས་ངོས་ཀྱི་མཐོ་ཚད་གྲངས་གཞི་དང་ཚད་ལེན་བྱས་པའི་མཚེའུ་ཡི་རྒྱ་ཁྱོན་སྟེ་ཆུ་འབོར་དཔེ་དབྱིབས་བརྒྱུད་མཚོ་བོད་མཐོ་སྒང་གི་མཚེའུའི་ཆུ་འབོར་དང་གནམ་གཤིས་འགྱུར་ལྡོག་དབར་གྱི་འབྲེལ་བར་ཞིབ་འཇུག་བྱས་ནས། “ཨེ་ཤེ་ཡའི་ཆུ་མཛོད”ཀྱི་འགུལ་རྣམ་འགྱུར་ལྡོག་དང་གནམ་གཤིས་འགྱུར་ལྡོག་གི་འབྱུང་རྩ་ཞིབ་འཇུག་དང་ལེན་བྱ་རྒྱུར་གྲངས་གཞི་མཁོ་འདོན་བྱ་རྒྱུ་ཡིན། 

第二次青藏科考湖泊演变及气候变化响应科考分队队长、中科院青藏高原所研究员朱立平表示,未来,科考分队将在这些数据的基础上,通过数字地面高程数据和已测湖泊的面积—水量模型,分析青藏高原的湖泊水量与气候变化的关系,为“亚洲水塔”的动态变化及其对气候变化的响应机理研究提供数据支撑。

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།