ཀྲུང་གོ་བོད་ཀྱི་དྲ་བ།

དངུལ་གྱི་རྒྱན་ཆ་ནག་པོར་གྱུར་བ་དེས་ལུས་སྟེང་དུ་དུག་ཡོད་པ་གསལ་བཤད་བྱེད་ཐུབ་བམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དངུལ་གྱི་རྒྱན་ཆ་འདོགས་མཁན་མི་ཉུང་བ་ཞིག་གིས་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་དངུལ་གྱི་རྒྱན་ཆ་རིམ་བཞིན་ནག་པོར་འགྱུར་བ་ཤེས་ཡོད། དམངས་ཁྲོད་དུ་འདི་ལྟ་བུའི་བཤད་སྲོལ་ཞིག་ཡོད་པ་སྟེ། “གནའ་རབས་སུ་དངུལ་ཆས་ཀྱིས་དུག་ལ་ཚོད་ལྟ་བྱེད་པ་དང་། དངུལ་ཆས་ཀྱིས་དུག་གཤིས་ལ་ཞིབ་བཤེར་བྱེད་ཐུབ་”ཅེས་པ་དང་། མི་མང་པོ་ཞིག་གིས་དེའི་རྐྱེན་གྱིས་དངུལ་གྱི་རྒྱན་ཆ་ནག་པོར་གྱུར་བ་དེས་ལུས་སྟེང་དུ་དུག་ཡོད་པར་སེམས་ཡོད།

དོན་དངོས་སུ། འདི་ནི་དངུལ་རྒྱན་འཚོ་བའི་ཁྲོད་ཀྱི་མུ་ཟི་རྫས་དང་མཁའ་དབུགས་ཁྲོད་ཀྱི་དབྱང་རླུང་དང་དུས་ཡུན་རིང་བོར་དབྱང་འགྱུར་འགྱུར་བྱས་པ་ཞིག་ཡིན་ལ། དུས་ཚོད་ངེས་ཅན་གྱི་རྗེས་སུ་མདོག་ནག་པོར་འགྱུར་སྲིད་པས། མི་རྣམས་ལ་ལུས་སྟེང་གི་དུག“འཇིབས་པ”ལྟ་བུའི་ཚོར་བ་སྦྱིན་པ་རེད། དོན་དངོས་ཐོག་དེ་ནི་དབྱང་འགྱུར་སོར་ལོག་འགྱུར་འབྱུང་ཡིན་པ་དང་། རྒྱུན་ལྡན་གྱི་རང་བྱུང་སྣང་ཚུལ་ཞིག་ཡིན།

“དངུལ་ཁབ་ཀྱིས་དུག་འབྱེད་པ”དེའི་རྒྱུ་མཚན་ནི་གནའ་རབས་ཀྱི་ངར་དུག་གི་རྒྱུ་ཆ་གཙོ་བོ་ནི་མི་ཟི་གསུམ་ཧྲིན་གཉིས་རྫས་ཡིན་པ་དང་། བཙོ་སྦྱོང་གི་ལག་རྩལ་ཞན་པས། ངར་དུག་གི་དག་ཚད་དམའ་ལ། དེའི་ཁྲོད་མུ་ཟིའི་རྫས་ཅུང་མང་བོ་འདྲེས་ཡོད། མུ་ཟིའི་གཞི་རྒྱུ་འདི་དག་ལ་དངུལ་གྱི་འགྱུར་འབྱུང་བརྒྱུད་དེ་མུ་ཟིའི་དངུལ་རྫས་སུ་འགྱུར་བས། དངུལ་ཁབ་མྱུར་དུ་ནག་པོར་འགྱུར་སྲིད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།