ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རི་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་རེའི་ཟླ་10ཚེས་24ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོ་ཡིན་ལ།  ཞི་བདེ་རྒྱ་མཚོའི་དམག་འཁྲུག་བྱུང་རྗེས། ཨ་རིའི་ཙུང་ཐུང་ལུའོ་སི་ཧྥུའུ་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཆིའུ་ཅིའར་གཉིས་ཀྱིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཡོངས་ཀྱི་གཅིག་གྱུར་ཡོང་བར་ཤུགས་སྣོན་རྒྱག་ཆེད། རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་བརྩི་སྲུང་བྱེད་པའི་རྩ་དོན་གཏན་འབེབས་བྱས་པ་མ་ཟད། སུའུ་ལེན་གྱི་མོས་མཐུན་ཐོབ་པ་རེད། 1942ལོའི་ཟླ་1ཚེས་1ཉིན་འཇར་མན་དང་། དབྱི་ཐ་ལི། འཇར་པན་བཅས་ཧྥ་ཤི་སིར་འཐབ་བཞིན་པའི་ཀྲུང་གོ་དང་། ཨ་རི། དབྱིན་ཇི། སུའུ་ལེན་སོགས་རྒྱལ་ཁབ་26གི་འཐུས་མིས་ཝ་ཧྲིང་ཐོན་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྒྲགས་གཏམ་》སྤེལ། སྐབས་དེར།“མཉམ་འབྲེལ་རྒྱལ་ཚོགས་”ནི་འཇར་མན་དང་།དབྱི་ཐ་ལི།འཇར་པན་བཅས་ཧྥ་ཤི་སི་ལ་དམག་འཁྲུག་རྒྱག་པའི་རྒྱལ་ཁབ་ཁག་གི་སྤྱི་མིང་ཡིན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།