ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་9བའི་ཚེས་30ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོ།   སྤེལ་དུས། : 2019-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་9བའི་ཚེས་30ཉིན། ལོ་ཧྲིལ་བོའི་ཉིན་273པ་།

དོན་གལ་ཆེན། སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ།

དོན་ཆེན་ཁག 

སྤྱི་ལོ་399ལོར། ཧེང་ལི་སྐུ་ཕྲེང་བཞི་པ་དབྱིན་ཇིའི་རྒྱལ་པོར་བསྡད་པ་ཁྱབ་བསྒྲགས་བྱས།

སྤྱི་ལོ་1791ལོར། ཨོ་ཏི་ལི་ཡི་གཞས་གདངས་རྩོམ་མཁན་མོ་ཀྲ་ཐེ་ཡིས་གདངས་བརྩམས་པའི་གླུ་གར་《བདུད་ཀྱི་གླིང་བུ་》ཞེས་པ་ཝི་ཨེན་ནའི་ཟློས་གར་ཁང་དུ་ཐོག་མར་འཁྲབ་སྟོན་བྱས།

སྤྱི་ལོ1918ལོར། འཇར་མན་བཙན་རྒྱལ་གྱིས་རྒྱལ་ཚོགས་ལམ་ལུགས་ཀྱི་སྲིད་གཞུང་ལག་བསྟར་བྱས།

སྤྱི་ལོ་1920ལོར། ཧྲང་ཧའེ་ཕྱི་རྒྱལ་སྐད་ཡིག་སློབ་ཚོགས་བཙུགས་པ་དང་། དབྱང་མིན་ཀྲའེ་ཡིས་ཚོགས་གཙོའི་འགན་བཞེས།

སྤྱི་ལོ་1931ལོར། རྒྱལ་སྤྱིའི་མནའ་འབྲེལ་གྱིས་འཇར་པན་གྱིས་ཀྲུང་གོའི་བྱང་ཤར་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་གྲོས་ཐག་བཅད།

སྤྱི་ལོ་1938ལོར། མུའུ་ཉི་ཧེའི་གྲོས་ཚོགས་འཚོགས་པ་དང་། 《མུའུ་ཉི་ཧེའི་ཆོད་ཡིག་》ལ་མིང་རྟགས་བཀོད།

སྤྱི་ལོ1941ལོར། མོ་སི་ཁོ་སྲུང་སྐྱོབ་དམག་འཁྲུག་འགོ་བརྩམས།

སྤྱི་ལོ་1949ལོར། མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་རྩིག་རྨང་བཏིང་།

སྤྱི་ལོ་1955ལོར། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཙུགས།

སྤྱི་ལོ་1958ལོར། རྒྱལ་ཡོངས་ཀྱི་གྲོང་གསེབ་སྤྱིའི་ཆ་ནས་ཀུང་ཧྲེ་ཅན་དུ་བསྒྱུར།  

སྤྱི་ལོ་1962ལོར། མི་ནག་སློབ་མ་ཀྲན་མུའུ་སི·མེ་རུའེ་ཏི་སི་ཉིད་མེ་ཞི་ཞི་པི་སློབ་ཆེན་གྱིས་བསྡུས་པས། མི་རྒྱུད་དཀར་པོའི་རིགས་རྒྱུད་རིང་ལུགས་པས་དྲག་ཤུགས་བྱ་འགུལ་སྤེལ།

སྤྱི་ལོ་1981ལོར། ཡེ་ཅན་ཡིང་གིས་ཐའེ་ཝན་མེས་རྒྱལ་གྱི་པང་དུ་ལོག་པའི་བྱེད་ཕྱོགས་དོན་ཚན་དགུ་སྤེལ།

སྤྱི་ལོ་1983ལོར། ཀྲུང་གོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གྲངས་བྱ་དགའ་ཐོབ།

སྤྱི་ལོ་1990ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་བྱིས་པའི་གནད་དོན་གྱི་འགོ་གཙོའི་གྲོས་ཚོགས་ཉིའུ་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་འཚོགས། ཚོགས་འདུའི་ཐོག《བྱིས་པའི་འཚོ་གནས་དང་སྲུང་སྐྱོང་། འཕེལ་རྒྱས་བཅས་སྐོར་གྱི་འཛམ་གླིང་གི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་རེད།

སྤྱི་ལོ་1991ལོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝུན་ལའེ་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས།

སྤྱི་ལོ་1993ལོར། རྒྱ་གར་གྱི་མ་ཧ་ལ་ཧྲི་ཐེ་ལའི་མངའ་སྡེར་རིམ་པ་6.3གྱི་ས་ཡོམ་བྱུང་ནས་མི་20000་ལྷག་ཤི

སྤྱི་ལོ2014ལོར། ཉིན་འདི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཉིན་མོར་གཏན་འཁེལ་བྱས།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།