ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་9བའི་ཚེས་26ཉིན། ལོ་རྒྱུས་ཐོག་གི་དེ་རིང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོ།   སྤེལ་དུས། : 2019-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་9བའི་ཚེས་26ཉིན། ལོ་ཧྲིལ་བོའི་ཉིན་269པ།

དོན་ཆེན་ཁག

སྤྱི་ལོ་1679ལོར། ཏེན་མག་དང་སུའེ་ཏེན་བར་ལའུང་ཏེ་ཆིངས་ཡིག་བཞག་པ་དང་ཆིངས་ཡིག་ནང་ཏེན་མག་གིས་དབང་དུ་བསྡུས་པའི་ས་ཞིང་ཡོངས་རྫོགས་ཕྱིར་སྤྲོད་དགོས་པ་གཏན་འབེབས་བྱས་ཡོད།

སྤྱི་ལོ་1792ལོར། དབྱིན་ཇི་བ་མཱ་ཇ་ཨར་ཉི་ཆིང་རྒྱལ་རབས་ལ་ཕོ་ཉར་ཕེབས།

སྤྱི་ལོ་1848ལོར། འཇར་མན་སྲིད་གཞུང་གིས་ཨེན་ཀེ་སི་འཛིན་བཟུང་བྱ་རྒྱུའི་བཀའ་ཕབ།

སྤྱི་ལོ་1850ལོར། ཧྥ་རན་སིར་དཔེ་སྐྲུན་རང་དབང་ལ་ཚོད་འཛིན་ཐེབས།

སྤྱི་ལོ་1886ལོར། ཝེ་ལེན་·ཧེང་ལི·ཧྥུན་ལི་ཡིས་15P/ཧྥུན་ལི་སྐར་མ་དུ་བ་མཇུག་རིང་རྙེད།

སྤྱི་ལོ་1907ལོར། ནེའུ་ཙི་ལན་གྱིས་རང་བཙན་བྱས་ཏེ་བདག་དབང་ཐོབ།

སྤྱི་ལོ་1937ལོར། ཀྲུང་གོ་རང་གིས་བསྐྲུན་པའི་དེང་རབས་ཅན་གྱི་ཟམ་ཆེན་དང་པོ་སྟེ་ཆན་ཐང་ཅང་ཟམ་ཆེན་གྱི་ལྕགས་ལམ་ཟམ་པ་ཤར་གཏོང་ཐུབ་པ་བྱུང་།  

སྤྱི་ལོ་1957ལོར། ཧྲ་ཧྲི་པི་ཡའི་ཟློས་གར《ལུའོ་སྨི་ཨོའུ་དང་ཀྲུའུ་ལི་ཡེ་》ཞེས་པའི་རོལ་མོའི་ཟློས་གར་《མཁར་གྲོང་ནུབ་མའི་གཏམ་རྒྱུད》ཅེས་པ་དེ་ཨ་མེ་རི་ཁའི་ཉིའུ་ཡུའེ་པེ་ལའོ་ཧུའེ་རུ་ཐོག་མར་འཁྲབ་སྟོན་བྱས།

སྤྱི་ལོ་1967ལོར། ཀྲུང་གོ་དང་ཐུ་ནི་སིའི་ཕྱི་འབྲེལ་འབྲེལ་བ་མཚམས་བཞག 

སྤྱི་ལོ་1968ལོར། ཞང་ཀང་གི་ཉེན་རྟོག་པས་འཕྲུལ་སྒུལ་དམག་དཔུང་བཙུགས་ཤིང་། མི་རྣམས་ཀྱིས་དེ་ལ་“ཞྭ་སྔོན”ཟེར།

སྤྱི་ལོ་1980ལོར། རྒྱལ་སྤྱིའི་འཇིག་རྟེན་འཕུར་སྐྱོད་མཉམ་འབྲེལ་ཚོགས་པས་རང་རྒྱལ་ཚོགས་མིའི་རྒྱལ་ཁབ་ཏུ་བསྡུ་ལེན་བྱས།

སྤྱི་ལོ་1984ལོར། ཀྲུང་དབྱིན་གཉིས་ཀྱིས་ཞང་ཀང་གི་གནད་དོན་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་བཀོད།

སྤྱི་ལོ་1985ལོར། སུའུ་ལེན་གྱིས་བར་སྣང་དུ་འཕུར་སྐྱོད་བྱེད་སྐབས་ཐེངས་དང་པོར་འཇིག་རྟེན་འཕུར་སྐྱོད་པ་བརྗེས།

སྤྱི་ལོ་1987ལོར། ཨ་ཧྥེ་རི་ཁ་གླིང་གི་ས་འོག་ལྕགས་ལམ་དང་པོ་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ས་འོག་ལྕགས་ལམ་ལས་གྲྭ་ལེགས་པར་འགྲུབ།

སྤྱི་ལོ་1995ལོར། ཐ་ལི་པན་གྱིས་ཨ་ཧྥུ་ཧན་གྱི་རླུང་འཕྲིན་ལས་ཁུངས་དང་བརྙན་འཕྲིན་ལས་ཁུངས། ཙུང་ཐུང་སྒར་སོགས་བཙན་བཟུང་བྱས། 

སྤྱི་ལོ་2009ལོར། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གླེང་མོལ་ལེ་ཚན《དྲང་གཏམ་དྲང་བཤད》ཞེས་པ་ཉིན་དེའི་ཚན་པ《མི་རབས་བཞི་དགའ་སྤྲོ་མཉམ་རོལ》ཞེས་པའི་ལེ་ཚན་བསྟན་རྗེས་དངོས་སུ་སྟོན་མཚམས་བཞག་པ་རེད།

སྤྱི་ལོ་2011ལོར། ཀྲུང་གོའི་དབུས་རྒྱུད་ཀྱི་མ་འཇོག་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་དྲུག་པ་ཐའེ་ཡོན་དུ་འགོ་ཚུགས་པ།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།