ཀྲུང་གོ་བོད་ཀྱི་དྲ་བ།

བཟའ་ཟླའི་འབྲེལ་བ་བཟང་ན་ཚེ་ཐག་རིང་བར་ཕན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དབྱིན་ཇི་རྒྱལ་ཁབ་ཀྱི་སྙན་ཞུ་ཞིག་ལས་མངོན་པ་ལྟར་ན། བཟའ་ཟླའི་འབྲེལ་བ་བཟང་བ་ནི་ཚེ་ཐག་རིང་བ་དང་བདེ་ཐང་ཡོང་བའི་མན་ངག་རེད།

དབྱིན་ཇི་རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱི་དབྱེ་ཞིབ་མི་སྣས། 2010ལོ་ནས2019ལོའི་བར་གྱི་དབྱིན་ཀེ་ལན་དང་ཝེར་ཧྲེ་ཡི་ལོ་ཉི་ཤུ་ཡན་གྱི་མི་དར་མ་ཁྲི500ཡི་ཤི་རྐྱེན་ལ་བརྟག་དཔྱད་བྱས་པ་ལྟར་ན། མི་རྐྱང་དུ་བསྡད་ཡོད་པའི་ཕོ་མོའི་ཤི་ཚད་དེ་གཉེན་སྒྲིག་བྱས་པའི་ཕོ་མོ་ལས་ལྡབ་གཅིག་གིས་མཐོ་བ་དང་།དེ་ནི་ཁོ་ཚོས་སྤེལ་བའི་བརྟག་དཔྱད་ཐེངས་དང་པོ་རེད།

མི་ཚོགས་ཀྱི་ཁྱད་པར་ལ་གཞིགས་ནས།ཞིབ་འཇུག་མི་སྣས་ལོ་ཚོད་ལྟར་ཁོ་ཚོ་ཚན་ཆུང་གཉིས་སུ་བགོས་པ་དང་། སོ་སོར་ལོ20ནས64བར་གྱི་ཚན་ཆུང་ཞིག་དང་། ལོ65ཡན་གྱི་ཚན་ཆུང་ཞིག་ཏུ་བགོས་ཡོད། ལོ་ཚོད་གཉིས་ཀའི་ཚན་ཆུང་གི་ནང་དུ་གནས་ཚུལ་རིགས་འདྲ་མངོན་པ་སྟེ། གཉེན་སྒྲིག་བྱས་ཟིན་པའི་མིའི་ཤི་ཚད་ནི་གཉེན་སྒྲིག་མ་བྱས་པར་མི་རྐྱང་དུ་བསྡད་ཡོད་པའི་མི་ལས་དམའ་བ་རེད།

ལོ་གཞོན་ཚན་ཆུང་ནང་གི་སྐྱེས་པ་ཁེར་རྐྱང་གི་ཤི་ཚད་དེ་གཉེན་སྒྲིག་བྱས་ཟིན་པའི་སྐྱེས་པ་ཡི་ལྡབ3(མི་ཁྲི10རེའི་ནང་ནས་སོ་སོར་མི510དང་མི166ཤི་བ)རེད། བུད་མེད་ཁེར་རྐྱང་གི་ཤི་ཚད་དེ་གཉེན་སྒྲིག་བྱས་ཟིན་པའི་བུད་མེད་ཀྱི་ལྡབ2.3(མི་ཁྲི10རེའི་ནང་ནས་སོ་སོར་མི298དང་མི127ཤི་བ)རེད།

ལོ་རྒས་ཚན་ཆུང་གི་ནང་དུའང་གཉེན་སྒྲིག་བྱས་ཟིན་པའི་མིའི་ཤི་ཚད་ཧ་ཅང་དམའ། སྐྱེས་པ་རྣམས་ཀྱི་སྟེང་ནས་བཤད་ན། གཉེན་འཐོར་བའི་མི(མི8208ཡོད)ཡི་ཤི་ཚད་ཆེས་མཐོ་ལ། ཧ་ལམ་གཉེན་སྒྲིག་བྱས་ཡོད་པའི་མི(2819)ཡི་ལྡབ་གསུམ་ཡིན་པ་དང་། བུད་མེད་རྣམས་ཀྱི་སྟེང་ནས་བཤད་ནའང་། མི་རྐྱང་དུ་བསྡད་ཡོད་པའི་མིའི་ཤི་ཚད(མི4361)ཆེས་མཐོ་བ་རེད།

དབྱིན་ཇིའི་རྒྱལ་ཁབ་སྡོམ་རྩིས་ཅུས་ཤི་ཚད་སྡོམ་རྩིས་གྲངས་ཀའི་གཙོ་གཉེར་པ་ས་ལ•ཁོར་གྱིས། “འདི་ནི་ང་ཚོས་ཐོག་དང་པོར་གཉེན་འབྲེལ་གནས་ཚུལ་ལྟར་ཤི་ཚད་ལ་དབྱེ་ཞིབ་བྱས་པ་ཡིན།ལོ་ངོ10རིང་གི་གཞི་གྲངས་ལ་ཞིབ་འཇུག་བྱས་པ་བརྒྱུད་དེ།ང་ཚོས་གཉེན་སྒྲིག་བྱས་ཟིན་པའམ་ཡང་ན་བཟའ་ཟླ་ཡོད་པའི་སྐྱེས་པ་དང་བུད་མེད་ཀྱི་ཤི་ཚད་དེ་ནམ་ཡང་མི་རྐྱང་དུ་བསྡད་ཡོད་པ་དང་བཟའ་འཐོར་བྱུང་བ།བཟའ་ཟླ་ཚེ་ལས་འདས་པ་བཅས་ཀྱི་མི་ཚོགས་ལས་དམའ་བ་ཤེས་རྟོགས་བྱུང་ཡོད”ཅེས་བཤད།

དངོས་ཡོད་འཚོ་བའི་སྟེང་གི་གཞི་གྲངས་ཀྱིས་ཀྱང་དེ་སྔོན་གྱི་ཞིབ་འཇུག་དེ་དག་གི་མཇུག་འབྲས་ལ་བདེན་དཔང་བྱས་ཡོད།ཞིབ་འཇུག་དེ་དག་ལས་མངོན་པ་ལྟར་ན།གཉེན་སྒྲིག་བྱས་ཟིན་པའི་མིའི་ཚེ་ཐག་རིང་བ་དང་ལུས་ཕུང་བདེ་ཐང་ཡིན་ལ། འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་རེད།ཆེད་མཁས་པ་རྣམས་ཀྱིས་བལྟས་ན།དེ་ནི་བཟའ་ཟླའི་བར་དུ་ཕན་ཚུན་ལྟ་སྐྱོང་བྱེད་པ་དང་། གཅིག་ལ་ནད་གཞི་ཕོག་པའམ་ཡང་ན་ནད་རྟགས་མངོན་པའི་སྐབས་སུ་གཅིག་གིས་ལུས་བཤེར་བྱེད་དུ་འགྲོ་དགོས་པའི་སྐུལ་མ་བྱས་པའི་རྐྱེན་གྱིས་ཡིན་པར་འདོད་ཀྱིན་ཡོད། སེམས་ཁམས་སྐྱིད་ན་མ་གཞི་ནས་བདེ་ཐང་ཡོང་བར་ཕན་ཞིང་སེམས་ཀྱི་གནོན་ཤུགས་སེལ་བར་མ་ཟད། བདེ་ཐང་གི་འཚོ་བ་རོལ་སྟངས་ཆགས་པར་ཡང་ཕན་པ་ཡོད་པས། ཁྱིམ་ཚང་ནང་གི་བདེ་སྐྱིད་ལ་དོ་སྣང་བྱེད་རྒྱུ་དེ་ཉེན་ཁ་ལ་གཡོལ་བའི་ཐབས་ལམ་གཙོ་བོ་ཞིག་གོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།