ཀྲུང་གོ་བོད་ཀྱི་དྲ་བ།

འགོས་ནད་མཆེད་པའི་ལྷུ་ཚིགས་གསུམ་ནི་གང་དག་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འགོས་ནད་ནི་མི་མང་འདུ་ས་ནས་མཆེད་པ་ཞིག་ཡིན་ལ། ངེས་པར་དུ་འགོས་ནད་ཀྱི་འབྱུང་ཁུངས་དང་འགོ་ལམ། འགོ་སླ་བའི་མི་ཚོགས་བཅས་གཞི་རྩའི་ལྷུ་ཚིགས་གསུམ་འཛོམ་དགོས། གལ་ཏེ་དེའི་ཁྲོད་ཀྱི་ལྷུ་ཚིགས་གཅིག་མ་འདང་ན་འགོས་ནད་མཆེད་ཐུབ་ཀྱིན་མེད་པ་རེད།

འགོས་ནད་ཀྱི་འབྱུང་ཁུངས། འགོས་ནད་ཀྱི་འབྱུང་ཁུངས་ནི་ནད་དེ་མ་གཞི་ནས་མིའི་ལུས་སྟེང་ནས་སྐྱེ་འཚར་དང་སྐྱེ་འཕེལ་བྱུང་བར་མ་ཟད། ལུས་པོ་ཕྱིའི་མི་དང་སྲོག་ཆགས་ལ་འགོ་སྲིད།

ནད་པ། མྱུར་གཤིས་འགོས་ནད་བྱུང་བའི་ནད་པའི་ནད་རྟགས(གློ་ལུ་བ་དང་། སྐྱུག་པ། བཤལ་བ།)ཀྱིས་ནད་སློང་དུག་གཞི་ཁྱབ་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། དལ་གཤིས་འགོས་ནད་བྱུང་བའི་ནད་པས་དུས་ཡུན་རིང་བོར་ཁོར་ཡུག་ལ་སྦགས་བཙོག་བཟོ་བཞིན་ཡོད། ཡང་བའི་འགོས་ནད་ཅན་མང་ཡང་རྟོགས་དཀའ་བ་ཞིག་རེད།

མངོན་མེད་འགོས་ནད་འགོས་པའི་ནད་པ། འགོས་ནད་ཁ་ཤས(སྒལ་ཚིགས་ཅན་གྱི་གཉན་ཚད)ཁྲོད། མངོན་མེད་འགོ་ནད་འགོས་པའི་ནད་པ་ནི་འགོ་ནད་ཀྱི་འབྱུང་ཁུངས་གཙོ་བོ་ཡིན།

ནད་སློང་དུག་གཞི་ལུས་སྟེང་དུ་ཡོད་པའི་ནད་པ། དལ་གཤིས་ཅན་གྱི་ནད་པས་ནད་རྟགས་མི་མངོན་པར་ཡུན་རིང་པོར་ནད་གཞི་ཕྱིར་འབུད་པ་དང་། འགོ་ནད་ཁ་ཤས(དཔེར་ན། རྒྱུ་ཚད་དང་འབུ་ཕྲའི་རང་བཞིན་གྱི་འཁྲུ་ནད)ཁྲོད་འགོ་ནད་རིག་པའི་དོན་སྙིང་གལ་ཆེན་ལྡན་པ་རེད།

འགོ་ནད་འགོས་ཡོད་པའི་སྲོག་ཆགས། སྲོག་ཆགས་བར་གྱི་འགོ་ནད་ཁ་ཤས་ཏེ། དཔེར་ན། ཁྱི་སྨྱོན་ནད་དང་བྱི་རིམས་སོགས་ནི་མིའི་རིགས་ལ་འགོས་ནས་ནད་རིགས་ཚབས་ཆེན་བསྐྱེད་པ་རེད། དེ་མིན་འགོ་ནད་ཁ་ཤས་ཏེ། དཔེར་ན་ཁྲག་འཇིབ་འབུ་ཕྲའི་ནད་དང་། སྲོག་ཆགས་གནས་གཅིག་ཏུ་ལྷས་རར་འཇུག་པ་སོགས་ཀྱང་འགོ་ནད་ཀྱི་འབྱུང་ཁུངས་རེད།

འགོ་ལམ། འགོ་ལམ་ནི་ནད་སློང་དུག་གཞི་འགོ་ནད་ཀྱི་འབྱུང་ཁུངས་ལས་ཁ་བྲལ་ཏེ་བདེ་ཐང་ཅན་གྱི་མི་ཚོགས་ལ་འགོ་བའི་བརྒྱུད་ལམ་དེར་ཟེར། ནད་སློང་དུག་གཞི་འགོ་བའི་ཐབས་ལམ་གཙོ་བོ་ནི་མཁའ་དབུགས་ནང་མཆེད་པ་དང་། ཆུ་ལས་མཆེད་པ། བཟའ་བཏུང་ལས་མཆེད་པ། རེག་ཐུག་ལས་མཆེད་པ། སྐྱེ་དངོས་བར་བརྒྱུད་ནས་འགོ་བ་སོགས་ཡོད་པ་རེད།

འགོ་སླ་བའི་མི་ཚོགས། འགོ་སླ་བའི་མི་ཚོགས་ནི་འགོ་ནད་ཁ་ཤས་ཤིག་འགོག་པའི་ནུས་པ་མེད་པར་ལུས་སྟེང་དུ་འགོ་སླ་བའི་མི་ཚོགས་ལ་ཟེར། དཔེར་ན། སིབ་ནད་ཕོག་མེད་པའི་བྱིས་པ་ཞིག་ལ་མཚོན་ན། སིབ་ནད་འགོ་སླ་བའི་མི་ཚོགས་ཡིན་པ་ལྟ་བུ།

འགོ་ནད་མཆེད་པའི་ལྷུ་ཚིགས་གསུམ་ནི་འགོས་ནད་སྔོན་འགོག་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་དང་། དེའི་ཁྲོད་ཀྱི་ལྷུ་ཚིགས་ཤིག་འགོག་ཐུབ་པ་བྱུང་ཚེ་འགོ་ནད་སྔོན་འགོག་བྱེད་ཐུབ་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།