ཀྲུང་གོ་བོད་ཀྱི་དྲ་བ།

མོ་ནད་བརྟག་དཔྱད་བྱེད་པར“ཉི་མ་སྐར་མ”འདེམ་ཤེས་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྒོ་བསྟེན་ཁང་དུ་སོང་ནས་མོ་ནད་བརྟག་དཔྱད་བྱེད་མཁན་གྱི་བུད་མེད་ཧ་ཅང་མང་མོད། འོན་ཀྱང་ཁོ་ཚོར་འབྲེལ་ཡོད་བརྟག་དཔྱད་ཐད་ཀྱི་ཤེས་བྱ་མེད་པའི་དབང་གིས། དུས་ཡུན་རིང་པོར་ཕྲེང་བསྒྲིགས་རྗེས་བརྟག་དཔྱད་བྱེད་པར་མི་འཚམ་པར་བརྗོད་དེ་ཕྱིར་འགྲོ་མཁན་ཤིན་ཏུ་མང་། དོན་དངོས་སུ་མོ་ནད་བརྟག་དཔྱད་བྱེད་པར“ཉི་མ་སྐར་མ”འདེམ་རྒྱུ་ནི་ཧ་ཅང་གལ་ཆེ་བ་རེད།

གྲང་དཀར་ལ་བརྟག་པ། ནད་པ་མང་པོ་ཞིག་གིས་གྲང་བ་དཀར་པོ་རྒྱུན་ལྡན་མིན་པའི་གནས་ཚུལ་མཐོང་རྗེས་ངོ་ཚ་རེད་བསམ་ནས།རྒྱུན་དུ་གྲང་བ་དཀར་པོ་རྒྱུན་ལྡན་དུ་གྱུར་རྗེས་ད་གཟོད་བརྟག་དཔྱད་དུ་འགྲོ་བ་རེད།དོན་དངོས་སུ་ནད་པས་གྲང་བ་དཀར་པོའི་མདོག་སེར་པོར་གྱུར་པ་དང་གྲངས་མང་པ།ཟ་འཕྲུག་ལངས་པ་བཅས་རྒྱུན་ལྡན་མིན་པའི་སྐབས་སུ་མྱུར་དུ་སོང་ནས་བརྟག་དཔྱད་བྱེད་དགོས།རྒྱུ་མཚན་ནི་སྐབས་དེ་ནི་ནད་གཞི་ཆེས་རྙེད་སླ་བའི་དུས་ཡིན་པ་རེད།དེའི་མི་ཚད་ནད་པས་རང་སྟེང་ནས་སྨན་གང་འདོད་དུ་བཀོལ་སྤྱོད་བྱེད་མི་རུང་།ནད་པས་རང་སྟེང་ནས་སྨན་གང་འདོད་དུ་བཀོལ་སྤྱོད་བྱས་ན་སྨན་པས་ནད་ངོས་འཛིན་པར་གནོད་པ་ཐེབས་པར་མ་ཟད།སྨན་བཀོལ་བ་མ་ལེགས་པའི་དབང་གིས་ནད་གཞི་ཇེ་སྡུག་ཏུ་གཏོང་བའི་གནས་ཚུལ་མང་པོ་ཡོད།

Bཁྲའོ་ལ་བརྟག་པ། འཁྲིག་སྤྱོད་བྱེད་ཀྱིན་པའི་བུད་མེད་ཀྱིས་སྤྱིར་བཏང་དུ་གསང་ལམBཁྲའོ་ལ་བརྟག་དགོས་པ་དང་།འཁྲིག་སྤྱོད་མེད་པའི་བུད་མེད་ཀྱིས་སྤྱིར་བཏང་གིས་གཞང་ཁBཁྲའོ་ལ་བརྟག་དགོས།

བསམ་སེའུའི་ཤ་སྐྲན་དང་བུ་སྣོད་ནང་སྐྱིའི་ཤ་ལུ་ལ་བརྟག་པ། ཟླ་མཚན་ཆད་པའི་ཉིན་དེ་ནས་བརྩིས་ཏེ།ཉིན5ནས7གྱི་ནང་དུ་བརྟག་དཔྱད་བྱེད་དགོས།

གསང་ལམ་ནས་ཁྲག་བཞུར་བར་བརྟག་པ།གསང་ལམ་ནས་ཁྲག་བཞུར་བའི་སྐབས་སུ་སྨན་པས་མངལ་ཁོག་ཏུ་ཤ་ལྷག་ཡོད་མེད་བརྡར་ཤ་གཅོད་དགོས་པས།མྱུར་དུ་སོང་ནས་བརྟག་དཔྱད་བྱེད་དགོས།

བུ་སྣོད་ཤ་སྐྲན་དང་མངལ་སྐེའི་འབྲས་སྐྲན་སོགས་ལ་བརྟག་པ། ཟླ་མཚན་ཆད་རྗེས་མྱུར་དུ་བརྟག་དགོས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།