ཀྲུང་གོ་བོད་ཀྱི་དྲ་བ།

ནད་པ་རིགས་གསུམ་གྱིས་དགོང་མོ་ཉལ་ཁར་ཆུ་མང་པོ་འཐུང་མི་རུང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལིའུ་པིང་གིས་དྲན་སྐུལ་བྱེད་དོན།གཤམ་གྱི་ནད་པ་རིགས་གསུམ་གྱིས་དགོང་མོ་ཉལ་ཁར་ཆུ་མང་པོ་འཐུང་མི་རུང་།གཅིག་ནི་མདུན་ཆགས་རྨེན་བུའི་ནད་ཡོད་པའི་ནད་པ་ཡིན། ནད་པ་དེའི་རིགས་ཀྱིས་དགོང་མོ་ཉལ་ཁར་ཆུ་མང་པོ་འཐུང་ན་ནམ་ཕྱེད་དུ་སྤྱོད་ཁང་དུ་རྒྱུག་གྲངས་ཇེ་མང་དུ་འགྲོ་བས་གཉིད་ལ་གནོད་པ་ཐེབས་སླ།གལ་ཏེ་ཁ་སྐོམ་པའི་ཚོར་སྣང་བྱུང་ན། ཆུ་ཁམ་བུ་གང་ཁ་ནང་དུ་བླངས་ནས་ཁ་ལྕེ་རློན་པར་བཏང་བས་ཆོག གཉིས་ནི་སྙིང་གི་བྱེད་ནུས་མི་བཟང་བའི་ནད་པ་ཡིན།སྙིང་གི་བྱེད་ནུས་མི་བཟང་བའི་ནད་པ་དགོང་མོ་གན་རྐྱལ་དུ་ཉལ་རྗེས་སྙིང་ཁྲག་གི་རྒྱུག་ཚད་ཇེ་མང་དུ་འགྲོ་བས།སྙིང་གི་ཁུར་པོ་ཇེ་ལྕི་རུ་གཏོང་བ་དང་།གལ་ཏེ་ཉལ་ཁར་ཆུ་མང་པོ་འཐུང་ན་སྙིང་གི་ནུས་པ་ཉམས་སླ་བ་རེད།གསུམ་ནི་མིད་པའི་གཉན་ཚད་ཡོད་པའི་ནད་པ་ཡིན།མིད་པའི་གཉན་ཚད་ཡོད་པའི་ནད་པས་ཉལ་ཁར་ཆུ་མང་པོ་འཐུང་ན་ཕོ་བའི་ནང་གི་གཤེར་ཁུ་ཇེ་མང་དུ་འགྲོ་བ་དང་།གན་རྐྱལ་དུ་ཉལ་རྗེས་ལྷག་ཏུ་ཕོ་བའི་ཟས་རིགས་མིད་པར་ཕྱིར་ལྡོག་བྱེད་སླ་བ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།