ཀྲུང་གོ་བོད་ཀྱི་དྲ་བ།

ཚད་མ་རིག་པའི་བྱུང་འཕེལ་སྐོར།

ཡོང་ཁུངས། : ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྩོམ་པ་པོ། : འཇིགས་མེད་བསམ་གྲུབ།   སྤེལ་དུས། : 2020-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྟོད་ཆ།

སྨད་ཆ།


འཆད་ཁྲིད་གནང་མཁན་ངོ་སྤྲོད།

640 (4).jpeg

རེབ་གོང་པ་འཇིགས་མེད་བསམ་གྲུབ་ནི1957ལོར་མདོ་སྨད་རེབ་གོང་ཧོར་སྙན་བཟང་ཁྱུང་བོ་སྡེ་བ་རུ་སྐྱེས། 1976ལོར་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན། 1978ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་ཞུགས།1981ལོར་རེབ་གོང་རོང་བོ་དགོན་ཆེན་གྱི་མཚན་ཉིད་གྲྭ་ཚང་ལ་ཞུགས་ཏེ་ལོ་ངོ་བདུན་ལྷག་ལ་ནང་བསྟན་ཆོས་ལུགས་སྐོར་ལ་སྦྱངས། 1987ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་ལས་གནས་སུ་ཞུགས། 1989ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་སྡེ་ཁག་ནས་ལོ་ངོ་གཉིས་རིང་ལ་ཟབ་སྦྱོང་བྱས། 1997ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་དུ་ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན། 2000ལོར་པེ་ཅིན་ཕྱི་རྒྱལ་སྐད་ཡིག་སློབ་གྲྭ་ཆེན་མོ་དང་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་གྲྭ་ཆེན་མོ་གཉིས་སུ་དབྱིན་ཇིའི་ཡི་གེ་སྦྱངས། ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་བོད་རིག་པའི་སྐོར་གྱི་ཞིབ་འཇུག་གི་ཕྱག་ལས་གནང་བཞིན་ཡོད།ཆེད་ལས་ཆོས་ལུགས་ལོ་རྒྱུས་སྐོར་སོགས་ཀྱི་ཞིབ་འཇུག་པ་ཆེན་མོ་ཡིན།

བརྩམས་ཆོས་ངོ་སྤྲོད།

1 «ཚད་མའི་འབྱུང་ཁུངས་གཞུང་དོན་གསལ་བཤད»
2 «རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ»
3 «མདོ་སྨད་རེབ་གོང་ལོ་རྒྱུས་ཆེན་མོ་ངོ་མཚར་གཏམ་གྱི་བང་མཛོད»
4 «རྡུལ་ཕྲན་ཕྲ་མོས་གྲུབ་པའི་འཇིག་རྟེན»
5 «བོད་དར་ཚད་མ་རིག་པའི་བྱུང་འཕེལ་དང་དེའི་རིགས་ལམ་འགའ་བཤད་པ»

6 «བཀའ་གདམས་པའི་གྲུབ་མཐའི་འབྱུང་ཁུངས་དང་དེའི་ཁྱད་ཆོས་སྐོར་ལ་རགས་ཙམ་དཔྱད་པ»  (དཔྱད་རྩོམ)

7 «འཇིགས་མེད་བསམ་གྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས»

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།