ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མདོའི་ལོ་རྒྱུས་ཞིབ་འཇུག་ཁྲོད་ཀྱི་གནད་དོན་འགའ་གླེང་བ།༼སྒྲ་ཆ་ཚང་།༽

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་མདོའི་ལོ་རྒྱུས་ཞིབ་འཇུག་ཁྲོད་ཀྱི་གནད་དོན་འགའ་གླེང་བ།

འཆད་ཁྲིད་མཁན། བཀའ་མ་མཁའ་འབུམ།

微信图片_20200408165011.jpg

བཀའ་མ་མཁའ་འབུམ་ངོ་སྤྲོད།  ཕ་ཡུལ་མཚོ་སྔོན་ཡ་རྫི་ཡིན་ཞིང་།  རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་པ་ཡིན།  ད་ལྟ་བོད་ཀྱི་དམངས་སྲོལ་རིག་གནས་དུས་དེབ་ཀྱི་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་དང་རྩོམ་སྒྲིག་འགན་ཁུར་བ་ཡིན། དུས་ཡུན་རིང་བོའི་ནང་དུ་རྒྱ་བོད་ཡིག་རིགས་གཉིས་ཀྱིས་ཀྲུང་གོ་སྤྱི་ཚོགས་ཚན་རིག་དང་ཀྲུང་གོ་བོད་ལྗོངས་སོགས་ཀྱི་དུས་དེབ་སྟེང་དུ་རིག་གཞུང་དཔྱད་རྩོམ་ལྔ་བཅུ་ལྷག་སྤེལ་ཞིང་།  སྔ་རྗེས་སུ་ཨ་མདོའི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས་ལས་ཨ་མདོའི་དམངས་ཁྲོད་སྟོན་བཤད་ཕྱོགས་སྒྲིག་དང་བྱིས་སྒྲུང་ཕྱོགས་སྒྲིག  གཏམ་རྒྱུད་ཕྱོགས་སྒྲིག  གཏམ་དཔེ་ཕྱོགས་སྒྲིག  དམངས་གླུ་ཕྱོགས་སྒྲིག་ལ་སོགས་པའི་དམངས་ཁྲོད་རྩོམ་རིག་གི་དཔེ་ཆ་མང་པོ་རྩོམ་སྒྲིག་བྱས་ཤིང་། བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་གྲུབ་འབྲས་མི་དམན་པ་བཞག་ཡོད།

ཁག་དང་པོ།

ཁག་གཉིས་པ།

ཁག་གསུམ་པ།

ཁག་བཞི་བ།

2019ལོའི་ཟླ11པའི་ཚེས6ཉིན། མཚོ་སྔོན་ནང་བསྟན་སློབ་གླིང་གིས་བོད་ཀྱི་དམངས་སྲོལ་རིག་གནས་དུས་དེབ་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་དང་རྩོམ་སྒྲིག་འགན་ཁུར་བ་བཀའ་མ་མཁའ་འབུམ་ལགས་གདན་ཞུ་བྱས་ཏེ་ཨ་མདོའི་ལོ་རྒྱུས་ཞིབ་འཇུག་ཁྲོད་ཀྱི་གནད་དོན་འགའ་གླེང་བ་ཞེས་པའི་འཆད་ཁྲིད་གནང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།