ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་བརྡ་ཆད་སྤྱི་བསྒྲགས་སྤྱི་ཨང་ང་བརྒྱད་པ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་བོད་ཀྱི་བརྡ་ཆད་ཚད་ལྡན་ཞུས་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཁང་།     སྤེལ་དུས། : 2020-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་ཀྱི་བརྡ་ཆད་སྤྱི་བསྒྲགས།

སྤྱི་ཨང་ང་བརྒྱད་པ།(2019ལོའི་འདོན་ཐེངས1པོ།)

གཤམ་གྱི་བརྡ་ཆད་འདི་དག་མཚོ་སྔོན་ཞིང་ཆེན་བོད་ཀྱི་བརྡ་ཆད་ཚད་ལྡན་ཞུས་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས༢༠༡༩ལོའི་ཟླ༣པར་ཞུས་བཤེར་གཏན་འབེབས་བགྱིས་ཏེ་ཁྱབ་བསྒྲགས་བྱས་པས། ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་སོ་སོས་འདི་ལྟར་བཀོལ་བར་བྱ།

མཚོ་སྔོན་ཞིང་ཆེན་བོད་ཀྱི་བརྡ་ཆད་ཚད་ལྡན་ཞུས་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཁང་།

2019ལོའི་ཟླ3པའི་ཚེས11ཉིན།

微信截图_20200316095816.jpg


包容普惠   ཁོང་ཡངས་ཀུན་ཕན།

扁平化管理ལེབ་སྙོམས་དོ་དམ།

不动产证   བརྟན་ནོར་དཔང་ཡིག

不图虚名   མིང་སྟོང་མི་གཉེར།

不务虚功   དོན་མེད་མི་སྒྲུབ།

城企联动   མཁར་ཁེ་མཉམ་སྒྲུབ།

充电宝གློག་སྣོད།

村 霸  གྲོང་གཤེད།

打基础  补短板རྨང་གཞི་འདིང་། ཞན་ཆ་གསབ།

利长远  增后劲 ཁེ་ཕུགས་སྐྱེད།རྟིང་ཤུགས་སྣོན།

大国重器   རྒྱལ་ཆེན་བརྗིད་ཆས།

多边互助   ཕྱོགས་མང་རོགས་རེས།

多规融合   བཀོད་མང་མཉམ་སྒྲིལ།

反租倒包   ཕྱིར་གླས་བོགས་གཏོང་།

非法集资   ཁྲིམས་འགལ་དངུལ་བསྡུ།

扶贫投机   དབུལ་སྐྱོར་སྐབས་འཚོལ།

购物节ཟོང་ཉོ་དུས་ཆེན།

轨道交通   འཕལ་ལམ་འགྲིམ་འགྲུལ།

黑科技ཚན་རྩལ་ནག་པོ།

痕迹管理   རྗེས་ཤུལ་དོ་དམ།

户口空挂   ཐེམ་ཐོ་སྟོང་བསྐྱུར།

加权赋分   ཐང་སྣོན་སྐར་སྟེར།

减负松绑   ཁུར་འཕྲི་ཁྱིགས་གློད།

减税降费   ཁྲལ་འཕྲི་ཡོན་གཅོག

进博会འདྲེན་ཚོང་བཤམས་ཚོགས།

经济互利   དཔལ་འབྱོར་ཕན་རེས།

精神脱贫   བསམ་པའི་དབུལ་ཐར།

军民融合发展  དམག་དམངས་མཉམ་འདྲེས་འཕེལ་རྒྱས།

科技扶贫   ཚན་རྩལ་དབུལ་སྐྱོར།

跨媒体ཁོངས་བརྒལ་སྨྱན་བྱེད།

利益共融   ཁེ་ཕན་མཉམ་འདྲེས།

“留守妇男”  “གཞིས་སྲུང་ཁྱོ་ག”

路 痴  ལམ་རྨོངས།

马上办 网上办ལམ་སེང་སྒྲུབ།དྲ་ཐོག་སྒྲུབ།

就近办 一次办 ཉེ་སར་སྒྲུབ།ཐེངས་གཅིག་སྒྲུབ།

贸易霸凌   ཉོ་ཚོང་བཙན་གནོན།

内容兼融   ནང་དོན་སྦྲགས་འདྲེས།

平台公司   སྙོམས་སྟེགས་ཀུང་སི།

普惠养老   ཀུན་ཕན་རྒན་གསོ།

强弱补短   ཞན་གསོ་ཆད་གསབ།

亲信干政   གཉེན་འཁོར་སྲིད་ཐེ།

“青绣”   “མཚོ་དྲུབ།”

全媒体ཡོངས་འདུས་སྨྱན་བྱེད།

人文互通   མི་ཆོས་སྤེལ་རེས།

融媒体མཉམ་འདྲེས་སྨྱན་བྱེད།

软着陆ལྷོད་འབེབས།

弱肉强食   བཙན་པོས་གཉོམ་ཟ།

扫黑除恶   ནག་འཇོམས་ངན་སེལ།

扫码出行   ཨང་བཤེར་ཕྱི་སྐྱོད།

扫码支付   ཨང་བཤེར་གཏོང་སྤྲོད།

守正创新   དག་སྲུང་གསར་གཏོད།

数字中国   གྲངས་འཛིན་ཀྲུང་གོ

顺势而为   ཕྱོགས་བསྟུན་ལས་སྒྲུབ།

“四个奔着去”    “སྙེག་པ་བཞི།”

网 信  དྲ་འཕྲིན།

网红课དྲ་གྲགས་སློབ་ཁྲིད།

网络借贷   དྲ་ཐོག་དངུལ་སྐྱི།

网约车དྲ་འབོད་གླ་འཁོར།

为党代言   ཏང་ཚབ་གཏམ་བཤད།

为民请命   དམངས་ཚབ་རེ་ཞུ།

“伪寡妇” “ཡུགས་བརྫུས།”

无感支付   ཚོར་མེད་གཏོང་སྤྲོད།

无龄思维   ན་ཚོད་མེད་པའི་བསམ་བློ།

消费积分   འཛད་སྤྱོད་བསགས་སྐར།

消费降级   མཛད་སྤྱོད་དམའ་འབེབས།

虚拟货币   རྟོག་བཟོའི་དངུལ་ལོར།

宣传互融   དྲིལ་སྒྲོག་འདྲེས་རེས།

削山造地   རི་གཞོག་ཐང་བཟོ།

巡游车སྐོར་སྐྱོད་གླ་འཁོར།

养老顾问   རྒན་གསོའི་བློ་འདོན།

一篮子货币སླེ་གཅིག་དངུལ་ལོར།

一事通办   དོན་གཅིག་ཡོངས་སྒྲུབ།

一网通办   དྲ་གཅིག་ཡོངས་སྒྲུབ།

医联体སྨན་བཅོས་མཉམ་འབྲེལ་སྒྲིག་འཛུགས།

宜居宜业   གནས་འཚམ་ལས་འཚམ།

因村施策   གྲོང་བལྟོས་ཇུས་བསྟར།

因势而动   བབ་བལྟོས་ལས་འཇུག

因势而谋   བབ་བལྟོས་ཇུས་འགོད།

引才引智   འཇོན་རིག་ནང་འདྲེན།

营商环境   ཚོང་གཉེར་ཁོར་ཡུག

硬科技ཚན་རྩལ་མཁྲེགས་པོ།

硬着陆བཙན་འབེབས།

舆论生态   གླེང་ཕྱོགས་སྐྱེ་ཁམས།

圆梦人འདུན་མ་གྲུབ་མཁན།

战略统筹   འཐབ་ཇུས་སྤྱི་འགོད།

长江经济带འབྲི་ཆུའི་དཔལ་འབྱོར་རྒྱུད།

政德观སྲིད་སྤྱོད་ལྟ་བ།

政治定位   ཆབ་སྲིད་ངེས་གནས།

政治互信   ཆབ་སྲིད་རྟོན་རེས།

政治立场   ཆབ་སྲིད་ལངས་ཕྱོགས།

“政治生日”  “ཆབ་སྲིད་སྐྱེས་སྐར།”

政治站位   ཆབ་སྲིད་ལངས་གནས།

直融强基   ཐད་སྡུད་རྨང་བརྟན།

智媒体རིག་ལྡན་སྨྱན་བྱེད།

智能快递柜ཤེས་ནུས་མྱུར་སྐྱེལ་སྒམ།

“中国医师节”    “ཀྲུང་གོའི་སྨན་པའི་དུས་ཆེན།”

重务实ངོས་གཉེར་གཙིགས་འཛིན། 

敢担当འགན་འཁྲི་འཁུར་ཕོད།

能作为ལས་དོན་སྒྲུབ་ནུས།

助力   རོགས་ཤུགས།

追梦人འདུན་མ་སྙེག་མཁན།

资源通融   ཐོན་ཁུངས་བདེ་སྦྱོར།

紫 领གོང་སྨུག་པ།

自媒体རང་གཉེར་སྨྱན་བྱེད།(2017ལོའི་འདོན་ཐེངས1པོའི“རང་སྨྱན་གཟུགས”ཞེས་པ“རང་གཉེར་སྨྱན་བྱེད”ཞེས་བཟོ་བཅོས་བྱས་པ་ཡིན།)

འདི་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་བརྡ་ཆད་སྤྱི་བསྒྲགས་དུས་ལྟར་སྤེལ་རྒྱུ་ཡིན་པས་འདི་ལས་དགོངས་ཚུལ་གང་ཡོད་འཕྲིན་སྟེགས་འདིའི་མཆན་དུ་དགོད་རོགས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།