ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་གྱི་སོལ་རླངས་ཕྱིར་ཐོན་པ་ཇི་ལྟར་ཤེས་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྱིམ་གྱི་སོལ་རླངས་ཕྱིར་ཐོན་པར་དོགས་ན། འབར་ཞུན་ནམ་མེ་ཆ་བཀོལ་ནས་ཚོད་ལྟ་བྱེད་མི་རུང་། འདག་ཆུའི་ཝུ་བ་ལས་བརྟག་དཔྱད་བྱེད་དགོས་པ་མ་ཟད། གཤམ་གྱི་བྱེད་ཐབས་སྤྱད་དེ་བརྡར་ཤ་གཅོད་དགོས། 

གཅིག སྣོམ་པ། ཁྱིམ་གྱི་སོལ་རླངས་ནང་དུ་དྲི་ངན་བྲོ་བས་རླངས་གཟུགས་ཕྱིར་ཐོན་ན་དྲི་ངན་བྲོ་སྲིད།

གཉིས། བལྟ་བ། སོལ་རླངས་ཕྱིར་ཐོན་ན། མཁའ་དབུགས་ནང་དུ་དུ་བ་དཀར་པོ་འབྱུང་། 

གསུམ། ཉན་པ། སོལ་རླངས་ཕྱིར་ཐོན་ན་སི་སྒྲ་གྲགས་སྲིད། 

བཞི། རེག་པ། ཕྱིན་ཐོན་པའི་གནས་སུ་རེག་ན་འཁྱག་པའི་ཚོར་བ་སྦྱིན་སྲིད། 

 
རྩོམ་སྒྲིག་པ། : 才让东珠