ཀྲུང་གོ་བོད་ཀྱི་དྲ་བ།

གྲོང་གསེབ་ཀྱི་སྤྱི་བའི་གློག་ཤུགས་སྒྲིག་བཀོད་ལས་གློག་བརྒྱབ་སྟེ་རྨས་སྐྱོན་བཟོས་བའི་དོན་རྐྱེན་ཇི་ལྟར་སྔོན་འགོག་བྱེད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(1)གློག་ཁང་དང་སྡོད་ཁང་གི་གློག་སྒམ་གང་འདོད་ཀྱིས་སྒོ་ཕྱེ་མི་རུང་། 

(2)གློག་བཀོལ་བར་རེ་ཞུ་དང་། སྒྲིག་སྦྱོར་དང་ཞིག་གསོ་བྱེད་དགོས་ན་གློག་བཟོ་བ་བཙལ་དགོས། གང་འདོད་ཀྱིས་གློག་ཆས་མཐུད་བཀོལ་བྱེད་མི་རུང་། གློག་སྐུད་གང་རུང་སྦྲེལ་མི་རུང་། གློག་ཤུགས་སྒྲིག་བཀོད་ཀྱི་མཁར་གྱང་གང་འདོད་དུ་འགོ་མི་རུང་། 

(3)གློག་འཕྲིན་སྐུད་པ་དང་རྒྱང་སྒྲོག་སྐུད་པ་གློག་སྐུད་དང་མཉམ་དུ་སྒྲིག་མི་རུང་། བརྙན་འཕྲིན་སྐུད་ལམ་མཐུད་སྐབས་གློག་སྐུད་དང་མཉམ་དུ་མཐུད་མི་རུང་ལ། གློག་སྡོང་གིི་བར་དུ་བར་ཐག་སྨི3འཇོག་དགོས། 

(4)གློག་ཤུགས་སྐུད་ལམ་གྱི་སྲུང་སྐྱོབ་ཁུལ་དུ་ཁང་བ་ལས་བ་དང་ཆུ་རྐ་བརྐོ་བ། རྩྭ་སྐམ་སྤུངས་བ་དང་སྡོང་བོ་སོགས་འཛུགས་མི་རུང་། 

(5)རླངས་འཁོར་སྐོར་སྐབས་གློག་སྡོང་ལ་སེམས་ཆུང་བྱེད་དགོས། 

(6)བྱིས་པར་གློག་ཆས་རྩེད་སྐབས་སེམས་ཆུང་བྱེད་དགོས་པ་དང་། གློག་སྡོང་སྟེང་དུ་འགོ་མི་རུང་བ་དང་། གློག་མནོན་སྒྱུར་ཆས་སྟེང་མི་འགོ་བ། གློག་སྐུད་འགྲམ་དུ་ཤོག་བྱ་མི་སྤུར་བ་སོགས་ཀྱི་ཐད་སློབ་གསོ་གཏོང་དགོས། 

(7)གློག་རྒྱུན་སྲུང་སྐྱོབ་ཆས་འགོ་བརྩམས་ན། མྱུར་དུ་གློག་སྒོ་ལྡང་བའི་རྒྱུ་རྐྱེན་འཚོལ་དགོས།  །

 
རྩོམ་སྒྲིག་པ། : 才让东珠