ཀྲུང་གོ་བོད་ཀྱི་དྲ་བ།

ཉིན་རྒྱུན་འཚོ་བའི་ཁྲོད་དུ་གློག་རྒྱག་པ་ཇི་ལྟར་སྔོན་འགོག་བྱེད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(1)ཁྱིམ་ཚང་གིས་གློག་བཀོལ་བ་དང་གནས་སྐབས་སུ་གློག་བཀོལ་བར་ས་གནས་དེ་གའི་གློོག་ཤུགས་སྡེ་ཁག་ལ་རེ་ཞུ་བྱེད་དགོས། 

(2)སྒེར་གྱིས་གང་འདོད་དུ་གློག་སྦྲེལ་བར་གཏན་འགོག་བྱེད་དགོས། 

(3)ཁྱིམ་ཚང་གིས་སྤྱོད་པའི་གློག་ལ་གང་འདོད་ཀྱིས་གློག་སྐུད་སྦྲེལ་མི་ཆོག

(4)རང་འགུལ་གྱིས་བདེ་འཇགས་ངང་གློག་བཀོལ་བའི་སྒྲིག་སྲོལ་བརྩི་སྲུང་བྱེད་དགོས། ལུགས་མཐུན་ངང་འགན་ལེན་ལྕགས་སྐུད་འདེམས་དགོས། 

(5)གྱོན་ཆས་སྐམ་པའི་ལྕགས་སྐུད་དང་གློག་སྐུད་པར་བར་ཐག་ངེས་ཅན་འཇོག་དགོས། སྨི1.25ཡན་སྐྱུར་དགོས་པ་དང་། ཕན་ཚུན་སྣོལ་མི་རུང་བ་དང་། གློག་སྐུད་སྟེང་དུ་གྱོན་ཆས་སྐམ་མི་རུང་། 

(6)གློག་སྐུད་ཆད་པ་མཐོང་ཚེ་དེའི་ཐག་ཉེ་སར་མི་འགྲོ་བ་དང་། ལག་པས་རེག་དེ་བས་ཀྱང་མི་རུང་ལ། སྨི8ཡན་གྱི་ས་ནས་སྲུང་དགོས་ཤིང་། མྱུར་དུ་གློག་ལས་བ་དང་གློག་ཤུགས་ཞབས་ཞུ་ཁ་པར95598ལ་ཁ་པར་གཏོང་དགོས། 

(7)ས་བརློན་སར་གློག་ལྡན་པའི་དངོས་བོ་ཁྱེར་མི་རུང་བ་དང་། ལག་ཕྱིས་བརློན་པས་གློག་ཡོད་པའི་གློག་ཆས་འཕྱི་མི་རུང་། 

(8)འབྲེལ་གཅོད་གཟུགས་སྐྱོན་ཅན་བཀོལ་མི་རུང་། 

(9)གསལ་བཤད་ཡི་གེ་ལྟར་གློག་ཆས་བཀོལ་དགོས། ཁྱིམ་མིས་གློག་ཆས་སོ་མ་ཉོས་རྗེས་གསལ་བཤད་ཡི་གེ་ལ་ཞིབ་ལྟ་བྱེད་དགོས་པ་མ་ཟད། གསལ་བཤད་ཡི་གེ་ལྟར་བཀོལ་དགོས་པ་དང་། ལྷག་པར་དུ་གསལ་བཤད་ཡི་གེ་ནང་གི་དོ་སྣང་བྱེད་དགོས་པའི་རིགས་ལ་གཟབ་དགོས། 

(10)བདེ་འཇགས་ངང་གློག་བཀོལ་བའི་རྒྱུན་ཤེས་ཡིད་ལ་ངེས་དགོས། 

(11)གློག་ཆས་རྙིང་ཐག་རིགས་བརྗེ་དགོས། 


 
རྩོམ་སྒྲིག་པ། : 才让东珠