ཀྲུང་གོ་བོད་ཀྱི་དྲ་བ།

ས་གཤིས་གནོད་འཚེ་བྱུང་ན་ཇི་ལྟར་ཉེན་ཁར་གཡོལ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་གཤིས་གནོད་འཚེ་བྱུང་ན་ཇི་ལྟར་ཉེན་ཁར་གཡོལ་དགོས། 

གཅིག ཡང་བསྐྱར་རི་ཉིལ་ཏེ་གནོད་འཚེ་འབྱུང་བར་གཟབ་ཆེད་གནོད་ཁུལ་དུ་སོང་སྟེ་རྒྱུ་དངོས་མི་འཚོལ་བ། རི་ཉིལ་བའམ་བརྡིབས་རྗེས། རི་དེ་ད་དུང་བརྟན་འཇགས་མིན་ལ། རྡོ་ཉིལ་བའམ་ས་འཕྱུར་སྲིད་པ་མ་ཟད། མུ་མཐུད་དུ་ཉིལ་བའམ་བརྡིབས་སྲིད། དེ་བས་གནོད་ཁུལ་དུ་སོང་སྟེ་ས་སློག་པའམ་རྒྱུ་དངོས་འཚོལ་མི་རུང་། 

གཉིས། མྱུར་དུ་མི་མངགས་ཏེ་སྲིད་གཞུང་ལ་སྙན་གསེང་ཞུ་དགོས། ས་ཐག་རིང་བའི་ས་ཁུལ་དུ་གནོད་འཚེ་བྱུང་སྟེ། ལམ་དང་བརྡ་འཕྲིན་མེད་ན། ཕྱི་ཕྱོགས་དང་འབྲེལ་བ་བྱེད་མི་ཐུབ། མྱུར་དུ་མི་མངགས་ཏེེ་སྲིད་གཞུང་ལ་སྙན་གསེང་ཞུས་ཏེ་སྐྱོབ་བཅོས་བྱེད་པར་འབོད་དགོས། 

གསུམ། མགྱོགས་མྱུར་ངང་གྲོང་མི་རྩ་འཛུགས་བྱས་ཏེ། ད་དུང་རི་ཉིལ་བ་དང་རྡིབ་པའི་ཉེན་ཁ་ཡོད་མེད་ལ་ལྟ་ཞིབ་བྱས་རྗེས།  ཆེད་ལས་རུ་ཁག་མ་ཐོན་གོང་དུ།  མྱུར་དུ་སྟོབས་ཤུགས་རྩ་འཛུགས་བྱས་ནས་ཉེན་ཡོད་བྲག་རྡོ་དང་རི་ཉིལ་བའི་མི་མངོན་པའི་རྐྱེན་ངན་ཡོད་མེད་ལ་ལྟ་ཞིབ་བྱས་ཏེ།  མགྱོགས་མྱུར་ངང་ཉེན་ཡོད་ས་ཁུལ་དབྱེ་འབྱེད་བྱས་ནས།  མི་སྣ་ནང་དུ་ཡོང་མི་ཆོག་པ་བྱ་དགོས།   

བཞི། རྒྱང་སྒྲོག་ལ་ཉན་པ་དང་བརྙན་འཕྲིན་ལ་བལྟ་བ།  དྲག་ཆར་ཡོད་མེད་ལ་དོ་སྣང་བྱེད་དགོས།   གལ་ཏེ་དྲག་ཆར་འབབ་རྒྱུ་ཡིན་ན།  གནས་སྐབས་སྡོད་ཁུལ་ལ་སྐོར་ཞིབ་བྱས་ནས་གནོད་འཚེ་སྔོན་འགོག་དང་འཕྲལ་བསྟུན་སྔོན་ཇུས་བཟོས་ཏེ།  ཆེད་མངགས་མི་སྣ་གཟར་ཐུར་དང་གྲོག་རོང་གི་གནས་ཚུལ་ལ་ལྟ་ཞིབ་བྱེད་དུ་བཅུག་སྟེ། གནོད་འཚེ་གསར་པ་མི་ཐོན་པ་བྱེད་དགོས།

ལྔ། སྒྲིག་འཛུགས་ཡོད་པའི་སྒོ་ནས་ཉེ་འགྲམ་དུ་རྨས་སྐྱོན་ཕོག་པ་དང་ཉེན་ཁའི་གནས་སུ་གྱར་བའི་མི་སྣ་འཚོལ་བ། གནོད་ཁུལ་ནས་ཕྱིར་འཐེན་བྱས་པའི་མི་སྣ་མགྱོགས་མྱུར་ངང་ཞིབ་བཤེར་བྱས་ནས་ཤི་རྨས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་དགོས།   འབྲེལ་ཐག་ཆད་པའི་མི་སྣ་འཚོལ་སྐྱོབ་བྱེད་དགོས།  །

 
རྩོམ་སྒྲིག་པ། : 才让东珠