ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཁམས་སྙོམ་སྒྲིག་ཡག་པོ་བྱས་ན་ནད་ལུགས་རང་བཞིན་གྱི་རྒས་འགྱུར་སྔོན་འགོག་བྱེད་ཐུབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སེམས་ཁམས་མི་ཡག་པ་དང་སེམས་ཁྲལ། ཡི་མུག་བཅས་ཀྱིས་དབང་རྩའི་ཕྱིར་སྣུར་རང་བཞིན་གྱི་ནད་དང་གླེན་ནད་འབྱུང་བར་བྱེད། འོན་ཀྱང་དེ་དག་གིས་ཀླད་པར་ཐེབས་པའི་ཤུགས་རྐྱེན་ཅི་ཞིག་ཡིན་ནམ། དེ་དག་གི་གནོད་ལྡན་ཤུགས་རྐྱེན་ལ་ཚད་ཡོད་དམ། སུའེ་ཙེར་གྱི་རི་ནེ་ཝ་སློབ་ཆེན་གྱི་དབང་རྩའི་ཚན་རིག་པས་ན་གཞོན་དང་རྒན་རྒོན་གྱིས་མི་གཞན་གྱི་སེམས་ཁམས་སྐྱོ་པོ་མཐོང་སྐབས་ཀླད་ཆེན་གྱི་སྣང་ཚུལ་ལ་རྟོག་ཞིབ་བྱས། རྒན་པའི་དབང་རྩའི་རྒྱུ་འབྲེལ་མཐུད་ལ་མངོན་གསལ་གྱི་སེམས་ཁམས་སྒྱིད་ལུག་གི་རྣམ་འགྱུར་མངོན་ཞིང་། མི་ཡག་པའི་སེམས་ཁམས་ཀྱིས་དུས་ཡུན་རིང་བོའི་ནང་དེ་དག་ལ་འགྱུར་བ་ཧ་ཅང་ཆེན་པོ་གཏོང་བཞིན་ཡོད། གསར་དུ་སྤེལ་བའི《རང་བྱུང·རྒས་འགྱུར》དུས་དེབ་སྟེང་གི་མཇུག་འབྲས་འདི་དག་གིས་གསལ་བཤད་བྱས་པ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་སེམས་ཁམས་ལ་བདག་དམ་བྱེད་པ་སྟེ། དཔེར་ན་བསམ་གཏན་སྒོམ་ན། དབང་རྩ་ཞན་འགྱུར་ཚོད་འཛིན་བྱེད་པར་ཕན་ཐོགས།

ཞིབ་འཇུག་ལས་མངོན་པ་ལྟར་ན། བགྲེས་པོར་རྒྱུན་དུ་ན་གཞོན་དང་མི་འདྲ་བའི་ཀླད་ཆེན་འགུལ་སྐྱོད་དང་འབྲེལ་མཐུད་ཀྱི་རྣམ་པ་མངོན། དེ་སོར་བཞག་རྣམ་པའི་དྲ་རྒྱའི་གྲུང་སྐུལ་ཚད་གཞི་ལྷག་ཏུ་མངོན་གསལ་ཡིན་ལ། སོར་བཞག་རྣམ་པའི་དྲ་རྒྱ་ནི་ངལ་གསོ་རྣམ་པའི་འོག་ཏུ་ཚད་མཐོན་པོས་གྲུང་སྐུལ་བྱེད་པའི་ཀླད་ཆེན་དྲ་བ་ཞིག་ཡིན། དེའི་བྱ་འགུལ་ལ་རྒྱུན་དུ་ཡི་མུག་པའམ་ཡང་ན་སེམས་ཁྲལ་གྱིས་བར་ཆད་བྱེད་པ་དང་། འདིས་དེ་ཡང་སེམས་ཁམས་སྙོམས་སྒྲིག་གི་གོ་རིམ་ཁྲོད་ཞུགས་ཡོད་པ་མཚོན། 

འོན་ཀྱང་མི་རྒན་པས་རྟག་ཏུ་ན་གཞོན་ལས་རང་ཉིད་ཀྱི་སེམས་ཁམས་སྙོམས་སྒྲིག་བྱེད་ཐུབ་པ་མ་ཟད། བཟང་ཕྱོགས་ཀྱི་ཆ་འཕྲིན་ལ་དོ་ཁུར་བྱེད་སླ། དོན་དག་ངན་པར་འཕྲད་ཀྱང་དེ་ལྟར་ཡིན། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།