ཀྲུང་གོ་བོད་ཀྱི་དྲ་བ།

པྲོག་གསར་འགོས་རྗེས་ལུས་ཕུང་ལ་གནོད་པའི་དོན་བཅུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པྲོག་གསར་ནད་དུག་འགོས་རྗེས། ལུས་ཕུང་བལྟོས་བཅས་ཀྱིས་ཉམས་ཞན་གྱི་དུས་མཚམས་ཤིག་ཏུ་སླེབས་པ་དང་། ལུས་ཕུང་གསོ་བའི་དུས་མཚམས་སུ་སླེབས་ནའང་བསྒྲུབ་མི་རུང་པའི་བྱ་བ་འགའ་ཡོད། དེ་འདྲ་མ་བྱས་ན་ནད་གཞི་ཡང་བསྐྱར་ཇེ་སྡུག་ཏུ་འགྲོ་བ་དང་། ཐ་ན་ལྡོག་ཐབས་མེད་པའི་མཇུག་འབྲས་ཡོང་སྲིད་པས་ངེས་པར་དུ་དོ་སྣང་བྱ་དགོས།

གཅིག འགུལ་སྐྱོད་བྱེད་སྐབས་ངལ་དུབ་ཆེ་མི་རུང་།

       པེ་ཅིན་སློབ་ཆེན་མི་དམངས་སྨན་ཁང་སྙིང་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཀྲང་ཧའེ་ཁྲེང་གིས2022ལོའི་ཟླ12པའི་ཚེས20ཉིན། མི་དམངས་ཉིན་རེའི་ཚགས་པར་གྱི་བདེ་ཐང་དུད་སྣེའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། པྲོག་གསར་འགོས་ནས་དྲག་སྐྱེད་བྱུང་རྗེས་ལུས་རྩལ་སྦྱོང་བརྡར་སླར་གསོ་བྱ་འདོད་ཚེ། དམིགས་ཚད་གཉིས་ཏེ་སྐད་ཆ་བཤད་པ་དང་སྙིང་ལྡིང་ཚད་ལ་བལྟ་དགོས་པ་མ་ཟད། ལུས་རྩལ་སྦྱོང་སྐབས་མྱུར་དུ་དེ་སྔོན་གྱི་སྦྱོང་བརྡར་སླར་གསོ་བྱེད་མི་རུང་།

       སྐད་ཆ་བཤད་པ་དང་སྦྱོང་བརྡར་བྱེད་སྐབས། དྲག་ཚད་ཆེས་བཟང་ན་མི་གཞན་དང་རྒྱུན་ལྡན་ངང་སྐད་ཆ་བཤད་ཐུབ་ཅིང་། བཤད་མཚམས་གཅོད་མི་དགོས་པའི་ཆུ་ཚད་ཅིག་ཡིན་དགོས།

        སྙིང་གི་ལྡིང་ཚད། སྦྱོང་བརྡར་བྱེད་སྐབས་སྙིང་གི་ལྡིང་ཚད་ཆེས་བཟང་ན་སྐར་མ་རེར་ཐེངས130ལས་མི་བརྒལ་བ་ཡིན་དགོས། མི་རེ་རེའི་གནས་ཚུལ་ལ་ཁྱད་པར་ལྡན་པས། རང་ཉིད་བདེ་བ་ཚད་གཞིར་འཛིན་དགོས།

         མྱུར་དུ་དེ་སྔོན་གྱི་སྦྱོང་བརྡར་དྲག་ཚད་སླར་གསོ་བྱ་མི་རུང་། ཟླ་གཅིག་གི་དུས་ཡུན་འགོར་ན། སྦྱོང་བརྡར་དྲག་ཚད་དལ་བུར་ཇེ་ཆེར་བཏང་ན་ཅུང་བདེ་འཇགས་ཡིན།

         གཉིས། ཟ་མ་བཟའ་ཚད་མང་མི་རུང་། 

         ཟས་ལ་བཟའ་ཚོད་དང་ཉུང་ཉུང་ཐེངས་མང་ལ་བཟའ་བ། སྤྱིའི་ཕྱོགས་ནས་འཇུ་བདེ་བའི་ཟས་རིགས་བཟའ་བ། གཤམ་གྱི་དོན་གསུམ་ངེས་བར་དུ་ཁག་ཐེག་བྱེད་དགོས་ཏེ།

      (1)ནུས་ཚད་བསྡུ་ལེན་ལ་ཁག་ཐེག་བྱས་ཏེ། ཉིན་གཅིག་ལ་ཐུན་གསུམ་དང་ཐུན་རེར་འབྲུ་རིགས་ཟ་མ་ཡོད་དགོས།

      (2)སྤུས་ལེགས་སྤྲི་དཀར་ཡོད་དགོས། དཔེར་ན་འོ་མ་དང་སྒོ་ང་། ཤ། ཉ། ཤ་སྨི་སོགས། སྔོན་ལ་འཇུ་སླ་བའི་ཟས་རིགས་འདེམ་དགོས།

(3)ཕྲན་ཚད་འཚོ་བཅུད་ཁ་གསབ་བྱེད་པ་དང་། ལྷག་པར་དུ་ཚོད་མ་དང་སིལ་ཏོག་ཟ་དགོས།

      གསུམ། ལུས་ཕུང་འཁྱགས་ཏུ་འཇུག་མི་རུང་། 

     “པྲོག་གསར་འགོས་རྗེས། མི་ལུས་ལ་ཚ་བ་རྒྱས་ཏེ་ལུས་ཕུང་ལས་རྔུལ་ཆུ་མང་པོ་ཐོན་སྲིད། དེ་བཞིན་ཤ་གནད་ན་བ་སོགས་ནད་རྟགས་གཞན་དག་ཐོན་པ་དང་། མི་རྣམས་ཀྱི་ལུས་ལ་གནོད།

       པྲོག་གསར་འགོས་རྗེས་དྲག་སྐྱེད་བྱུང་རྗེས། ལུས་སྟོབས་ཞན་ཞིང་གནམ་གཤིས་གྲང་བའི་སྐབས་སུ། གལ་ཏེ་གྲང་ངར་ལ་དོ་སྣང་མ་བྱས་པར། ཡང་བསྐྱར་ཆམ་རིམས་ཀྱི་ནད་དུག་འགོས་ན། མི་བདེ་བའི་ནད་རྟགས་ཡང་བསྐྱར་འབྱུང་བ་མ་ཟད། ད་དུང་མི་ལུས་ལ་མཁོ་བའི་སླར་གསོ་དུས་ཡུན་ཡང་སྔར་བས་ཇེ་རིང་དུ་འགྲོ། དེ་བས། རླུང་འགོག་དྲོད་གསོ་ཧ་ཅང་གལ་ཆེ།

       བཞི། སེམས་པ་སྐྱོ་བས་ཁེངས་མི་རུང་།

       སེམས་ཁྲལ་དང་འཇིགས་སྐྲག་སོགས་སེམས་ཁམས་བྱུང་ན། ཡང་ན་རང་ཉིན་གྱི་རིམས་འགོག་ནུས་པ་མར་ཆག་པ་དང་། དེར་བརྟེན་ནད་དུག་གི་རིམས་ཐར་ནུས་པ་སྔར་ལས་ཡང་ཞན་ལ། ལྕི་ན་ཡིད་མུག་པ་སོགས་ཀྱི་སེམས་ཁམས་ནད་འབྱུང་སྲིད།

       ནད་འགོས་པའི་སྐབས་སུ་སེམས་ཁམས་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་ཆགས་ཅིིག བཟའ་བཏུང་དང་འཚོ་བཅུད་ཁ་གསབ་ལ་དོ་སྣང་བྱེད་དགོས།

       ལྔ། སྣུམ་ཆེ་བའི་ཟ་མ་ཟ་མི་རུང་།

        པྲོག་གསར་འགོས་ཏེ་དྲག་རྗེས། ལུས་ཕུང་ལ་སྔར་བཞིན་འཚོ་བཅུད་མང་པོ་ཞིག་དགོས་པས་རིམས་འགོག་མ་ལག་གི་ནུས་ཚད་མཁོ་སྤྲོད་ལ་ཁག་ཐེག་བྱ་དགོས། འོན་ཀྱང་བཟའ་བཅའ་ལ་དོ་སྣང་བྱེད་དགོས་པ་ལས་འཚུབ་མི་རུང་།    ངེས་པར་དུ་ལུས་ཕུང་ལ་ངལ་གསོ་བའི་དུས་ཚོད་འདང་ངེས་ཤིག་དགོས།

       པེ་ཅིན་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཡོན་ཀྲང་ལིའུ་ཆིང་ཆོན་གྱིས2022ལོའི་ཟླ12པའི་ཚེས26ཉིན་མི་དམངས་ཉིན་རེའི་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་ཀྱང་བསྟན་དོན། ཀྲུང་ལུགས་གསོ་རིག་གི་ཆ་ནས། དྲག་སྐྱེད་བྱུང་རྗེས་གསབ་རྒྱུ་རེ་ན་གཟུགས་པོར་ཕན་པ་མེད་ལ། དེ་ལས་ལྡོག་སྟེ་གནད་དོན་ཐོན་སླ།

       དྲུག ལུས་ཕུང་གསོ་བར་བྲེལ་མི་རུང་།

       གདོད་འགོག་སྲིབས་གཤིས་སུ་གྱུར་ནའང་ལུས་ཕུང་སླར་གསོ་བྱེད་པར་ད་དུང་དུས་ཚོད་དགོས་པས་བྲེལ་མི་རུང་། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་ཁོངས་གཏོགས་ཧྲང་ཧའེ་བྱིས་པའི་གསོ་རིག་ལྟེ་གནས་འབྱིན་རྔུབ་ཁོའོ་ཡི་ཀྲུའུ་རེན་གཞོན་པ་ཀྲང་ལེས2022ལོའི་ཟླ12པའི་ཚེས23ཉིན་ཚའེ་གྱིན་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། པྲོག་གསར་འགོས་རྗེས་དྲག་སྐྱེད་བྱུང་བའི་མི་གཟའ་འཁོར1ནས2བར་ངལ་གསོ་དགོས།

      བདུན། ལས་མགོ་ཚུགས་ན་ཚེགས་མི་རུང་།

      ཟླ1པོའི་ཚེས3ཉིན། ཧྲན་ཞི་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་འབྱིན་རྔུབ་དང་ནད་གཞི་ལྕི་བའི་གསོ་རིག་ཁོའོ་ཡི་ཀྲུའུ་རེན་སྨན་པ་ལི་མན་ཞང་གིས་བཅར་འདྲི་དང་ལེན་བྱེད་སྐབས་ངོ་སྤྲོད་བྱས་དོན། ལས་གནས་སུ་ཕྱིར་ལོག་རྗེས། བྱ་བའི་གོམ་འགྲོས་ཇེ་དལ་དུ་གཏོང་དགོས། ལས་ཀ་ཅུང་ཡང་མོ་ནས་རིམ་བཞིན་རྒྱུན་ལྡན་གྱི་ལས་ཀའི་ཚད་དང་ལས་ཀ་སླར་གསོ་བྱས་ཏེ། བྲེལ་འཚུབ་དང་ལས་སྣོན། མཚན་བསྐྱལ་བ་སོགས་བྱེད་མི་རུང་། གལ་ཏེ་བྱ་བ་བསྒྲུབ་མཁན་གྱིས་ཆུ་ཚོད1ཡས་མས་ལ་ལས་ཀ་ལས་ན་ཆེས་བཟང་ན་སྐར་མ10ལ་ངལ་གསོ་བྱས་ཏེ། ཆུ་འོས་འཚམས་འཐུང་བ་དང་རྐང་ལག་འགུལ་ནས་ཕྲག་པ་དང་རྐང་པ་མི་བདེ་བ་སོགས་སེལ་དགོས།

       བརྒྱད། ལུད་པ་ལུ་ན་འགོག་མི་རུང་།

        གདགས་གཤིས་སུ་གྱུར་རྗེས་ད་དུང་ལུ་བ་དེ། དབུགས་ལམ་ཉམས་གསོ་བྱེད་པའི་དྲག་སྐྱེད་བརྒྱུད་རིམ་ཞིག་རེད། མི་ལ་ལ་ཉིན་གཉིས་གསུམ་ལ་ལུད་པ་དང་། ལ་ལར་ཉིན་གསུམ་ནས་ལྔ་དགོས། དོན་དངོས་སུ། གློ་ལུ་བ་ནི་ཁམས་སོས་པའི་གོ་རིམ་ཞིག་ཡིན་ལ། དེ་ནི“གཡུལ་སར”གཙང་སྦྲ་བྱེད་པ་དང་འདྲ། དབུགས་ལམ་ཞིག་གསོ་བྱེད་པའི་གོ་རིམ་ཞིག་ཀྱང་ཡིན། ལུས་ཕུང་སོས་པ་དལ་བའི་མིས་ཀྱང་སེམས་ཁུར་ཆེན་པོ་བྱེད་མི་དགོས། ཉམས་མྱོང་ལྟར་ན་མི་ཚང་མ་ཉིན14ནང་དྲག་སྐྱེད་འབྱུང་།

       དགུ། སེམས་ཁམས་གཡེང་མི་རུང་།

       མི་མི་ཉུང་བ་ཞིག་གིས་ནད་དུག་འགོས་རྗེས་ཡང་བསྐྱར་དྲག་སྐྱེད་བྱུང་ན། ལུས་ཕུང་དུ་འགོག་གཟུགས་ཡོད་པས་འགོག་སྲུང་མ་བྱས་ན་ཆོག་པར་འདོད།

        ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ཐུང་ཅི་སྨན་ཁང་གི་འགོས་ནད་ཚན་པའི་ཀྲུའུ་རེན་གཞོན་པ་ཀུའོ་ཝུའེ་ཡིས2022ལོའི་ཟླ12པའི་ཚེས16ཉིན་ཚན་རྩལ་ཉིན་རེའི་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་གསལ་འདེབས་གནང་བར། སྤྱིར་བཏང་། འགོས་ནད་ཕོག་རྗེས་འགོག་གཟུགས་ཀྱིས་ལུས་ཕུང་ལ་ཟླ3ནས6བར་སྲུང་སྐྱོབ་བྱེད་ཐུབ། སྲུང་སྐྱོབ་འདིའི་རིགས་ནི་རིགས་གཅིག་པའི་ནད་དུག་ཡིན། དཔེར་ན། ཨའོ་སྨི་ཁེ་རུངBF.7འགོས་རྗེས། ཡང་བསྐྱརBF.7ལ་འཕྲད་ན་སྲུང་སྐྱོབ་ཀྱི་ཕན་འབྲས་ལེགས་པོ་ཐོན་སྲིད་མོད། འོན་ཀྱང་གལ་ཏེ་སྔོན་མ་དེ་ནི་ཏེའར་ཐ་ཡིན་ན། ཨའོ་སྨི་ཁེ་རོང་ལ་འཕྲད་ན་དབུ་མའི་འགོག་གཟུགས་ལ་སྲུང་སྐྱོབ་ཀྱི་ནུས་པ་མེད། མདོར་ན། ནད་དུག་གི་ཁྱད་པར་ཇི་ལྟར་ཆེ་ན་དབུ་མའི་འགོག་གཟུགས་ཀྱི་སྣོལ་མའི་སྲུང་སྐྱོབ་ལ་དེ་ལྟར་ཚད་ངེས་ཅན་ཞིག་ཡོད།

      བཅུ། གཉིད་དུས་འགོར་མི་རུང་།

      མཚན་བསྐྱལ་བ་ནི་རང་ཉིད་ལ་གནོད་པའི་དལ་གཤིས་གོམས་ངན་ཞིག་ཡིན། སྐྱེ་དངོས་ཀྱི་གོམས་གཤིས་གཏོར་བ་མ་ཟད། རིམས་ཐར་ནུས་པ་ཡང་མར་ཆག་བས། ནད་བསྐྱེད་པ་དང་ནད་གཞི་ཇེ་སྡུག་ཏུ་གཏོང་སྲིད།

       སྔ་མོར་ཉལ་བ་ནི། རང་ཉིད་ཀྱི་རིམས་འགོག་ནུས་ཤུགས་སྲུང་སྐྱོབ་དང་སྟོབས་ཆེན་དུ་བཏང་བ་ཡིན།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།