ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པར་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་དགོས་པ་ཡོད་དམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བྱིས་པར་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་དགོས་པ་ཡོད་དམ།

དགོས་པ་ཡོད་དེ། མིག་སྔར། རྒྱལ་ཁབ་ཕྱི་ནང་གི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་ལ། པྲོག་གསར་ནད་དུག་གི་འགོག་ཁབ་བརྒྱབ་མེད་པའི་ལོ3ནས11བར་གྱི་བྱིས་པར་པྲོག་གསར་གློ་ཚད་འགོ་བའི་ཉེན་ཁ་ཆེ། འགོག་ཁབ་བརྒྱབ་ཚེ་ཕྱོགས་གཅིག་ནས་ནད་འགོ་བ་དང་ནད་གཞི་ཇེ་ལྕི་རུ་འགྲོ་བ། ཡང་ན་ནད་ཀྱིས་ཤི་བ་བཅས་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་ཅིང་། ཕྱོགས་གཞན་ཞིག་ནས་བྱིས་པ་རྣམས་ལ་རིམས་འགོག་གི་ནུས་པ་ཐོན་ཏེ། རིམས་ནད་འགོག་ཐུབ་པས། བྱིས་པའི་ལུས་ཕུང་བདེ་ཐང་ཡོང་བར་འགན་སྲུང་བྱེད་ཐུབ།

བྱིས་པར་པྲོག་གསར་ནད་དུག་གི་འགོག་ཁབ་བརྒྱབ་ན་བདེ་འཇགས་ཡིན་ནམ།

བདེ་འཇགས་ཡིན་ཏེ། མིག་སྔར་པྲོག་གསར་ནད་དུག་གི་འགོག་ཁབ་དེ་ལོ་ཚོད་མི་འདྲ་བའི་བྱིས་པ་དང་ལོ་ཆུང་གཞོན་ནུ་ཚོར་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱས་ཡོད། སྤྱིའི་ཆ་ནས་བཤད་ན་བྱིས་པ་དང་གཞོན་ནུ་ལོ་ཆུང་ཚོར་འགོག་ཁབ་བརྒྱབ་རྗེས་ཀྱི་ཕན་འབྲས་ནི་མི་དར་མ་དང་གཅིག་མཚུངས་ཡིན་པ་དང་། ལོ3ནས11བར་གྱི་བྱིས་པར་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པ་ནི་བདེ་འཇགས་དང་ནུས་ལྡན་ཡིན།

བྱིས་པར་འགོག་ཁབ་ཐེངས་དུ་ལ་རྒྱག་དགོས། རྒྱག་ཐེངས་རེའི་བར་དུ་ཉི་མ་ག་ཚོད་འཇོག་དགོས།

མིག་སྔར་རང་རེའི་ཞིང་ཆེན་དུ་སྤྱོད་པའི་པྲོག་གསར་ནད་དུག་གི་འགོག་ཁབ་ནི་གྲུང་སེལ་འགོག་ཁབ་ཡིན། འགོག་ཁབ་ཐེངས་གཉིས་ལ་རྒྱག་དགོས་པ་དང་། འགོག་ཁབ་དང་པོ་དང་འགོག་ཁབ་གཉིས་པའི་བར་དུ་ཉིན21ནས56འཇོག་དགོས།

བྱིས་པའི་པྲོག་གསར་ནད་དུག་གི་འགོག་ཁབ་གནས་གང་ལ་སོང་ནས་རྒྱག་དགོས་སམ།

རང་ས་གནས་ཀྱི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་གིས་གཏན་འཁེལ་བྱས་པའི་ས་གནས་སུ་རྒྱག་པའམ། ཡང་ན་ས་གནས་དེ་གའི་སློབ་གསོ་དང་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་གིས་བཀོད་སྒྲིག་བྱས་པའི་ས་གནས་སུ་སོང་ནས་རྒྱག་དགོས།

བྱིས་པར་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པར་འཛེམ་བྱ་གང་དག་ཡོད།

བྱེ་བྲག་གི་གནས་ཚུལ་གསལ་པོ་ཤེས་འདོད་ན་འགོག་ཁབ་རྒྱག་སར་སོང་ནས་སྨན་པར་དྲིས་ཆོག མིག་སྔར་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པར་འཛེམ་བྱ་གཙོ་བོ་འདི་དག་ཡོད་དེ།

(1)འགོག་སྨན་དང་འགོག་སྨན་གྱི་གྲུབ་ཆ་མི་འཕྲོད་པའི་རིགས།

(2)བརྒྱལ་གཟེར་དང་ཡང་ན་དབང་རྩའི་མ་ལག་གི་ནད་རིགས་ཚབས་ཆེན་ཡོད་པའི་རིགས།(དཔེར་ན་འཕྲེད་རྒྱུ་རང་བཞིན་གྱི་རྒྱུངས་པའི་ཚ་ནད་དང་། ཀེ་ལིན་པ་ལི་འདུས་ནད། རྒྱུངས་ཤུབས་ཕུད་པའི་ནད་རིགས་སོགས།)

(3)ཚ་རྒྱག་བཞིན་པའི་མིའམ་ཡང་ན་དོས་དྲག་གི་ནད་ཕོག་ཡོད་པ། ཡང་ན་གཅོང་ནད་ཀྱི་ནད་གཞི་འཕར་སྒང་ཡིན་པ། ཚོད་འཛིན་མི་ཐུབ་པའི་གཅོང་ནད་ཚབས་ཆེན་གྱི་ནད་པའི་རིགས།

(4)ཡུལ་དངོས་ཀྱི་འགོག་སྨན་རྒྱག་མཁན་གྱི་སྨན་པས་བལྟས་ན་འགོག་ཁབ་རྒྱག་པར་མི་འཚམ་པར་འདོད་པའི་གནས་ཚུལ་གཞན་དག་ཡོད་པ་བཅས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།