མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཏང་ཙུའུ་ཡི་ཁོངས་མིའམ། ཐིང་ཀྲང་གཞོན་པ་ཀེང་པིན།
2024ལོར་རང་ཞིང་གིས་སྐྱེ་ཁམས་གཙོར་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། “ལྟེ་གཅིག་གདུབ་གཅིག་རྒྱུད་མང”བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་བར་དམིགས་ཏེ། ཟི་ལིང་གྲོང་ཁྱེར་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། མཚོ་སྔོན་པོ་དཔེ་སྟོན་ཁུལ་འཛུགས་པ་དེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སྐྲུན་པའི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་ཤིག་ཏུ་བྱས་ཏེ། མཚོ་སྔོན་པོ་སྐོར་བའི་སྐྱེ་ཁམས་ཡུལ་སྐོར་སྤུས་ལེགས་སྐོར་ལམ་བསྐྲུན་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་ཁུལ་མང་པོ་ཇེ་ལེགས་སུ་བཏང་བ་བཅས “ལྟེ་བ་གཅིག་གིས་སྣེ་ཁྲིད་དང་། གདུབ་གཅིག་གིས་དཔེ་སྟོན་བྱེད་པ། རྒྱུད་མང་སྦྲེལ་མཐུད་བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་མགྱོགས་མྱུར་ངང་ཆགས་པར་བྱས།
“ལྟེ་གཅིག”འཛུགས་སྐྲུན་ལ་གྲུབ་འབྲས་ཐོག་མར་ཐོན་ཡོད་ལ། ཟི་ལིང་གྲོང་ཁྱེར་གྱིས《ཟི་ལིང་གྲོང་ཁྱེར་གྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཆེད་དོན་འཆར་འགོད》སྒྲིག་བཟོ་དང་འགྲེམ་སྤེལ་བྱས་པ་དང་། “ཞིང་ཆེན་བཞི་དང་གྲོང་ཁྱེར་བཅུ་གཉིས”མཉམ་ལས་དྲན་ཐོར་མིང་རྟགས་བཀོད་ནས“1+7+N”བསྡུ་འགྲེམས་མ་ལག་བཙུགས་པ། ཞང་ཀང་སོགས་གྲོང་ཁྱེར་ལ་ཐད་ཀར་འཕུར་སྐྱོད་བྱེད་པའི་མཁའ་ལམ12གསར་དུ་ཤར་གཏོང་བྱས་པ། མཚོ་སྔོན་པོ་དང་ཚྭ་མཚེའུ་སོགས་མཛེས་ལྗོངས་ཁུལ་དུ་ཐད་གཏོང་རླངས་འཁོར་ཤར་གཏོང་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་ཡུལ་སྐོར་ཆེད་གཏོང་ལམ་ཐིག12བཏོད་ཡོད།
“གདུབ་གཅིག”གི་སྐུལ་ཁྲིད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས་པ་དང་། མཚོ་སྔོན་པོ་སྐོར་བའི་མཛེས་ལྗོངས་བར་ཁྱམས་ཀྱི་མཛེས་ལྗོངས་ཚ་ཁའི་གཞུང་ལམ་གྱི་དུམ་བུ་དང་པོ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི“མྱུར་སྐྱོད་དལ་འགྲུལ”ཞབས་ཞུའི་མ་ལག་ཇེ་མགྱོགས་སུ་བཏོད་ཡོད་པ་རེད། ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། མཚོ་སྐོར་མཐའ་འཁོར་མང་ཚོགས་ཀྱི་རང་གཉེར་ཡུལ་སྐོར་སྣེ་ལེན་བྱ་ཡུལ487ལ་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ། རོང་འབྲོག་པ་མང་ཚོགས905ལས་ཞུགས་དང་ལས་གཏོད་བྱེད་པར་སྐུལ་ཁྲིད་བྱས་པ་དང་། 2024ལོར་མཚོ་སྔོན་པོ་དཔེ་སྟོན་ཁུལ(གསར་སྐྲུན)གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི473.3སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར4.05མངོན་འགྱུར་བྱུང་ཞིང་། 2023ལོ་དང་བསྡུར་ན་སོ་སོར46.2%དང20.8%འཕར་ཡོད།
“རྒྱུད་མང”ཐོན་ཁུངས་འབྲེལ་མཐུད་དམ་ཟབ་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་ས་རྒྱུད་མང་པོ་འགྲིམ་འགྲུལ་དྲ་རྒྱ་བརྒྱུད་ནས་སྦྲེལ་མཐུད་བྱས་ཏེ། ཐིག་འགྱེད་འཕྲོ་ངོས་ལ་བརྟེན་ནས་ས་རྒྱུད་མང་པོ་མཉམ་འགུལ་དང་ས་རྒྱུད་ཕན་ཚུན་འབྲེལ་མཐུད་བྱས་ཏེ། ས་ཁོངས་ཁག་གི་ཡུལ་སྐོར་ཐོན་ཁུངས་འབྲེལ་མཐུད་དམ་ཟབ་བྱ་རྒྱུར་རིམ་བཞིན་སྐུལ་འདེད་གཏོང་བཞིན་ཡོད། མཚོ་ཤར་གྲོང་ཁྱེར་གྱིས་ཧུའུ་ཀྲུའུ་པེ་ལུང་ཧྲན་དང་ལ་ཅ་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྤྱི་གླིང་སོགས་མཛེས་ལྗོངས་ཁུལ་ཇེལེགས་སུ་བཏང་ནས“སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་མ་ལག་ཆེན་པོ་ལྔ”བསྐྲུན་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་གསེར་དངུལ་ཐང-རྡུལ་ཕྲན་གྲོང་མཛེས་ལྗོངས་ཁུལ་གྱི་དམངས་ཕན་བྱེད་ཐབས་ལག་བསྟར་བྱས་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“རི་མགོ་ཆུ་ཁུངས·རབ་མཛེས་མཚོ་སྔོན། དག་གཙང་མཚོ་ལྷོ ”དང་།“རང་སྐོར811·མཚོ་ལྷོར་ཡུལ་སྐོར་བྱེད”སོགས་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་ཏུ་སྤེལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྒོར་དུང་ཕྱུར3བཏང་སྟེ། ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱི་སྒྲིག་བཀོད་ཆེ་རུ་གཏོང་བ་དང་ཚྭ་མཚེའུ5Aརིམ་པའི་མཛེས་ལྗོངས་ཁུལ་འཛུགས་པར་སྐུལ་འདེད་གཏོང་བཞིན་ཡོད་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས“ཐང་བོད་གནའ་ལམ”མཚོ་བོད་ལྷོ་རྒྱུད་ཀྱི་རྒྱལ་ལམ214དང་མཚོ་བོད་དབུས་རྒྱུད་ཀྱི་རྒྱལ་ལམ345བོད་ལྗོངས་སུ་འགྲོ་འོང་རང་སྐོར་གྱི་ལམ་ཐིག་མུ་མཐུད་དུ་བསྐྲུན་པ་དང་འོས་སྦྱོར་བྱས་ཏེ། ཞིང་ཆེན་ནས་ཐོན་པའི་བགྲོད་ལམ8དང་ཡུལ་སྐོར་ལམ་ཐིག་སྤུས་ལེགས6ནུས་ཤུགས་ཡོད་རྒུས་བསྐྲུན་པར་མཐོར་འདེགས་བཏང་ཞིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས“ལྟེ་བ་གཅིག་དང་མདའ་གཉིས། ཁུལ་གསུམ་ལམ་ཐིག་བཞིའི”སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་དང“གསར་སྐྲུན་བདུན”བཏོན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནང་ཁོག་མཛེས་ལྗོངས་ཁུལ་དམངས་སྲོལ་མགྲོན་ཁང་སོགས་མགྲོན་ཁང4གཟུགས་འདས་ཤུལ་བཞག་བརྗོད་བྱ་གཙོ་བོའི་སྡོད་ཁང་དུ་བསྐྲུན་པ་དང་། རེབ་གོང་གཟུགས་འདས་ཤུལ་བཞག་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དེ་རྒྱལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལམ་ཐིག་ཏུ་བདམས། །