ཀྲུང་གོ་བོད་ཀྱི་དྲ་བ།

【VRབོད་ཁམས་མཐོང་བ་ཀུན་སྨོན།】དཔལ་ཐང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20201016092911.jpg

2020ལོའི་ཟླ8ཚེས13ཉིན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི“ང་ཚོ་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད”ཅེས་པའི་འཕྲིན་སྤེལ་ཚོགས་ཆུང་གིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དཔལ་ཐང་དུ་གནས་པའི་རྦབ་ཆུ་ཆུང་ཆུང་དེར་པར་བླངས་པ་ཡིན། དཔལ་ཐང་གི་རྦབ་ཆུ་ཆུང་ཆུང་དེ་ནི་དཔལ་ཐང་ཐང་དཀྱིལ་གྱི་ན་ཁུག་ཅིག་དུ་གནས། དེ་ནི་དཔལ་ཐང་གཙང་པོའི་ཆུ་འགོ་བཅུ་གཅིག་ཁྲོད་ཀྱི་ཆུ་ལག་དུམ་བུ་ཞིག་རེད། མཐོ་ཚད་ལ་སྨི4ཙམ་དང་ཞེང་ཚད་ལ་སྨི20ལྷག་ཙམ་ཡོད་ལ། རྣམ་པ་སྐས་དབྱིབས་ཅན་གྱི་རྦབ་ཆུ་ཆུང་ཆུང་དེ་ལྷོ་ནུབ་ནས་བྱང་ཤར་དུ་དལ་གྱིས་འབབ་བཞིན་ཡོད། འབྲོག་ཁུལ་གྱི་གནམ་གཤིས་ལ་འགྱུར་ལྡོག་ཆེ་ཡང་། ང་ཚོ་རྦབ་ཆུའི་མདུན་དུ་སླེབས་དུས་གནམ་གཤིས་ཧ་ཅང་ཡག་པོས་རྦབ་ཆུའི་མཛེས་བ་ཅིག་ཅར་མཐོང་བྱུང་། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།