ཀྲུང་གོ་བོད་ཀྱི་དྲ་བ།

【VRབོད་ཁམས་མཐོང་བ་ཀུན་སྨོན།】སྐྱིད་པའི་ཡུས་ཧྲུའུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་བཅུའི་རིང་། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་མི་དམངས་མང་ཚོགས་ཀྱི་ཆེས་དོ་ཁུར་བྱེད་བཞིན་པ་དང་མྱུར་མཁོའི་གནད་དོན་ཐག་གཅོད་བྱ་རྒྱུ་ནས་འགོ་བརྩམས་ཏེ། ས་ཡོམ་རྗེས་ཀྱི་བསྐྱར་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་བྱ་བར་དམ་པོར་དམིགས་པ་དང་། དམངས་འཚོའི“ཞན་ཆ”གསབ་རྒྱུར་མཐོང་ཆེན་བྱས་ནས། ལོ་ལྟར་ནོར་སྲིད་ཀྱི་མ་དངུལ75%ཡས་མས་དམངས་འཚོའི་རྣམ་གྲངས་ཐད་སྤྱོད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། གྲངས་འབོར་ལྟར་དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་པ་བརྒྱུད། རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་། སློབ་གྲྭར་འགྲིམ་པ། འགྲིམ་འགྲུལ། སྨན་བཅོས། རྒན་གསོ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ལ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཇེ་ཆེར་སོང་ནས། ཡུས་ཧྲུའུ་ཡི་འཕེལ་རྒྱས་སྔར་ལས་ལེགས་པ་དང་མང་ཚོགས་ཀྱི་འཚོ་བ་སྔར་ལས་སྐྱིད་པོར་གྱུར་ཡོད། 

དོ་དམ་གོ་རིམ་ལྡན་པ་དང་། ཁོར་ཡུག་མཛེས་པ། འཚོ་བ་སྐྱིད་པ། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྲོང་ཁྱེར་ཞིག་གཙང་ཆུའི་འབྱུང་ཁུངས་སུ་འགྱིང་ངེར་གནས་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།