ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས2025ལོའི“འཛམ་གླིང་ཆུའི་ཉིན་མོ” དང“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2025-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས22ཉིན་ནི་འཛམ་གླིང་ཆུའི་ཉིན་མོ་སྐབས་སོ་གསུམ་པ་ཡིན་ལ། ཟླ3པའི་ཚེས22ཉིན་ནས་ཚེས28ཉིན་བར་ནི་སྐབས་སོ་བརྒྱད་པའི“ཀྲུང་གོའི་ཆུའི་གཟའ་འཁོར”ཡང་ཡིན། བྱ་འགུལ་སྤེལ་སྐབས་ཀྱི་ཆུའི་གནས་ཚུལ་སློབ་གསོ་དང་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་ཏེ། སྤྱི་ཚོགས་ཡོངས་སུ་སྐུལ་སློང་སྣེ་ཁྲིད་བྱས་ནས། ཆུའི་རིན་ཐང་ཤེས་པ་དང་ཆུ་ལ་གཅེས་སྤྲས་བྱེད་པ། ཆུ་གཅེས་འཛིན་བྱེད་པ་དང་ཆུ་སྲུང་སྐྱོབ་བྱེད་པ། ཆུ་རྒྱས་པར་བྱེད་པའི་བྱ་འགུལ་ཁྲོད་ཟབ་ཞུགས་བྱེད་དུ་འཇུག་ཆེད། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གིས་ཟི་ལིང་གྲོང་ཁྱེར་དུ“འཛམ་གླིང་ཆུའི་ཉིན་མོ”དང“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་སྤེལ་ཞིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་བཅས་སོ་སོའི་ཆུ་བེད་སྡེ་ཁག་གིས་དུས་མཉམ་དུ་བྱ་འགུལ་སྤེལ།

ད་ལོའི“འཛམ་གླིང་ཆུ་ཉིན་མོ”ཡི་བརྗོད་དོན་ནི“འཁྱགས་རོམ་ལ་སྲུང་སྐྱོབ་བྱེད་པ”ཡིན་ལ།“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་བརྗོད་དོན་ནིཆུ་བེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རང་རྒྱལ་གྱི་ཆུའི་བདེ་འཇགས་ལ་འགན་སྲུང་བྱེདཅེས་པ་ཡིན། ཟི་ལིང་གྲོང་ཁྱེར་གྱི་བྱ་འགུལ་ཡུལ་དངོས་སུ། ཞིང་ཆེན་ཆུ་བེད་ཐིང་གིས་འཕྲེད་བྱང་བཀལ་བ་དང་། པར་རིས་འགྲེམ་སྟོན། དྲིལ་སྒྲོག་རྒྱུ་ཆ་འགྲེམ་སྟོན་དང་ཡུལ་དངོས་ཀྱི་དྲི་བ་དྲིས་ལན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། གྲོང་མི་ཡོངས་ལ་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་དང་ཆུའི་ཐོན་ཁུངས་ཚོད་འཛིན་ལམ་ལུགས། ཆུའི་ཐོན་ཁུངས་ཀྱི་ཁྲལ་བསྡུ་བཅོས་སྒྱུར་ཚོད་ལྟ་ཁུལ་དང་ཆུ་གྲོན་ཆུང་བྱེད་ཐབས་སོགས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས་པའི་དུས་མཚུངས་སུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས》 《ཆུ་གྲོན་ཆུང་སྲོག་ཡིག》སོགས་འབྲེལ་ཡོད་ཆུའི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་བྱས་ནས། སྤྱི་ཚོགས་ཡོངས་སུ་ཆུའི་ཐོན་ཁུངས་གྲོན་ཆུང་དང་ཆུར་སྲུང་སྐྱོབ་བྱེད་པའི་ཁྲོད་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བྱས་ཏེ། “ཀྲུང་ཧྭའི་ཆུ་ལྕོག”སྲུང་སྐྱོང་བཟང་པོ་བྱ་ཆེད་སྟོབས་ཤུགས་འབུལ་བར་འབོད་སྐུལ་བཏང་།

བྱ་འགུལ་གྱི་ཉིན་མོར། 2025ལོའི“ཆུ་གྲོན་ཆུང་གི་ཀྲུང་གོའི་སྲོལ་བཟང་ང་ཚོས་མཉམ་སྤེལ་བྱེདཅེས་པའི་མཉམ་འབྲེལ་འགུལ་སྐྱོད་དངཡུལ་གྲུ་སོ་སོའི་མཚོན་བྱེད་ཀྱིས་ཆུ་གྲོན་ཆུང་གི་འོད་སྣང་འཕྲོ་བར་བྱེད”ཅེས་པའི་བྱ་འགུལ་དུས་མཉམ་དུ་སྤེལ་མགོ་བརྩམས། མཚོ་སྔོན་གྱིས་མཐོ་སྒང་མུ་ཏིག་མཆོད་རྟེན་སོགས“མཚོན་བྱེད་རང་བཞིན་གྱི་འཛུགས་སྐྲུན་ཆུ་གྲོན་ཆུང་གི་དྲིལ་སྒྲོག་མགྲིན་ཚབ་པ”བྱས་ཏེ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཞན་པའི་མཚོན་བྱེད་འཛུགས་སྐྲུན་དང་དུས་མཉམ་དུ་འགུལ་སྐྱོད་སྤེལ་ཞིང་། བརྙན་རིས་ཆེ་བ་དང་སྒུལ་རིས་གློག་སོགས་སྒྲིག་ཆས་བེད་སྤྱད་ནས་གྲོང་ཁྱེར་ཡོངས་སུ་ཁེབས་པར་བྱས་ཤིང་། “ཆུ་གྲོན་ཆུང་སྔོན་ལ་འཛིན་པ་དང་གཙང་ཆབ་སྔོན་མོས་ཕྱུག་པའི་མཚོ་སྔོན”ཞེས་པ་བརྗོད་དོན་དུ་བཟུང་སྟེ། ཆུ་གྲོན་ཆུང་གི་རྣམ་པ་ལེགས་པོ་ཞིག་བསྐྲུན། ཉིན་དེར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང18ཧུར་ཐག་སྒོས་དེའི་ཁྲོད་ཞུགས་པ་དང་། ས་གནས་ཀྱི་མཚོན་བྱེད་འཛུགས་སྐྲུན32ཀྱིས“ཆུ་གྲོན་ཆུང་གི་གློག་འོད་འཕྲོ་བར”བྱས་ཤིང་དུས་ཚོད3ཡན་ལ་རྒྱུན་སྲིང་བྱས།

ཉེ་བའི་ལོ་འདི་འགའི་རིང་། མཚོ་སྔོན་གྱིས་ཁྲིམས་ལྟར་ཆུ་བཅོས་སྐྱོང་དང་ཆུ་དོ་དམ། ཆུ་རྒྱས་པར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཐན་སྐམ་གནོད་འཚེའི་སྔོན་འགོག་ནུས་པ་དང་ཆུའི་ཐོན་ཁུངས་ལེགས་སྒྱུར་སྡེབ་སྒྲིག་ནུས་པ། ཆུའི་ཐོན་ཁུངས་གྲོན་ཆུང་དང་གཅིག་སྡུས་བེད་སྤྱོད་ནུས་པ། ཆུའི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་ནུས་པ་བཅས་རྒྱུན་མཐུད་ངང་ཇེ་མཐོར་བཏང་ཞིང་། ཆུ་བེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་རྩོམ་པར་ཆུའི་བདེ་འཇགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།  ། 

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : ཚེ་རིང་རྒྱ་མཚོ།