ཀྲུང་གོ་བོད་ཀྱི་དྲ་བ།

ནང་ཆེན་རྫོང་གི་རྫ་ཆུའི་འགྲམ་ངོགས་སུ་ཆུ་བྱ་དཀར་པོ་ཞིག་གིས་གར་གྱི་སྟངས་སྟབས་མངོན་བཞིན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2025-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆུ་བྱ་དཀར་པོའི་གར་གྱི་སྟངས་སྟབས་མངོན་བཞིན་པ།

ཟླ3པའི་ཚེས14ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཁོངས་ཀྱི་རྫ་ཆུའི་འགྲམ་དུ། ཆུ་བྱ་དཀར་པོ་ཞིག་གིས་བྲོ་གར་འཁྲབ་ཞོར་ཁ་ཟས་འཚོལ་བྱེད་བཞིན་ཡོད། ཆུ་བྱ་དཀར་པོའི་ལུས་ཡོངས་ལ་ཁ་བ་ལྟར་བྱ་སྒྲོ་དཀར་པོའི་གཡོགས་ཡོད་པས་མིང་དེ་ལྟར་བཏགས་པ་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཀྱི་ཁོངས་སུ་གཏོགས། འཚོ་བའི་ཁོར་ཡུག་ལ་ཆ་རྐྱེན་ཧ་ཅང་ཆེན་པོ་ཡོད་པ་སྟེ་མཁའ་རླུང་དྭངས་གཙང་དང་ཆུ་གཙང་བ། གནམ་གཤིས་འཚམ་པ་བཅས་ཡིན་ན་ད་གཟོད་འཚོ་གནས་བྱེད་ཐུབ། དེའི་རྐྱེན་གྱིས་ཆུ་བྱ་དཀར་པོར་སྐྱེ་ཁམས་ཁོར་ཡུག་གི་ཞིབ་དཔྱད་བྱ་ཞེས་བརྗོད་ཀྱི་ཡོད། ཆུ་བྱ་དཀར་པོ་རྒྱལ་ནང་དུ་རྒྱུན་མཐོང་བྱེད་ཐུབ་མོད། འོན་ཀྱང་ས་བབ་མཐོ་བའི་ས་ཁུལ་དུ་ཧ་ཅང་མཐོང་དཀོན་པ་རེད། དེ་བས་ནང་ཆེན་རྫོང་གི་སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཡིན་པ་མཚོན་ཐུབ། །

 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།
རྩོམ་སྒྲིག་འགན་ཁུར་བ། : བདེ་ལེགས་མཚོ།