ཀྲུང་གོ་བོད་ཀྱི་དྲ་བ།

ཆི་ལེན་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་དམངས་ལ་ཞབས་འདེགས་ཞུ་བའི“ཐབས་ལམ་གསར་པ”རྒྱ་བསྐྱེད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2023-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཞབས་ཞུའི་ནུས་པ་མི་འདང་བའི་ཞན་སར་དམ་པོར་དམིགས་ཏེ། མི་སྣའི་དཔུང་སྡེ་ལེགས་བསྒྱུར་དང་ཐེག་བྱད་རྣམ་པ་གསར་སྐྲུན། ཞབས་ཞུའི་སྤུས་འབྲས་ཇེ་མཐོར་གཏོང་བ་སོགས་ཀྱི་ཕྱོགས་ལ་ཤུགས་བཏོན་ཅིང་། གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི“མཇུག་མཐའི་སྤྱི་ལེ་གཅིག”ཤར་གཏོང་བྱས།

དམངས་ལ་ཞབས་འདེགས་ཞུ་བའི“རུ་སྣེ་དམག”སྒྲིག་འཛུགས་བྱས་པ། མགོ་ཁྲིད་ལས་བྱེད་པའི“1+N+10”འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ནང་རྐྱེན་གསར་སྐྲུན་བྱས་པ་དང་། རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཞང་ལ་འབྲེལ་གཏུག་དང་སྡེ་བ་འགན་ལེན་བྱེད་པ། ཞང་གྲོང་གི་མགོ་ཁྲིད་ལས་བྱེད་པས་སྡེ་བར་འབྲེལ་གཏུག་དང་ཁྱིམ་ཚང་འགན་ལེན་བྱེད་པ། ཧྲུའུ་ཅི་དང་པོ་དང་ལས་བྱེད་པའི་རུ་ཁག་སྡེ་བར་སྡོད་པ། གོང་འོག་གཞི་གཅིག་ཅན་གྱི་ཞབས་ཞུ་དཔེ་དབྱིབས་བསྐྲུན་པ་དང་། མང་ཚོགས་ཀྱི་དངོས་ཡོད་དགོས་མཁོར་དམིགས་པ། དམངས་འཚོའི་དོན་དངོས་སྒྲུབ་པ་དང་དངོས་གཞི་ཐོན་ལས་གསོ་སྐྱོང་བྱེད་པ་དེ་འགན་འཁྲི་གཙོ་བོར་བརྩིས་པ། སྔར་ལས་དཀའ་གནད་བསལ་བ་དང་ཐབས་ལམ་གསལ་པོར་གཏོང་བ་བཅས་བྱས་ཏེ། ལས་ཡུལ་དང་པོར་རུ་ཏང་དར་ལྷབ་ལྷུབ་ཏུ་བསྐྱོད་དུ་བཅུག

དམངས་ལ་ཞབས་འདེགས་ཞུ་བའི“གཡུལ་ས་གཙོ་བོ”ཚད་ལྡན་དུ་བཏང་བ། “ཁང་གཅིག་མང་སྤྱོད”ཀྱི་བླང་བྱ་ལྟར། ཏང་ཡོན་བྱ་འགུལ་ཁང་གི་ཞབས་ཞུའི་ནུས་པ་རྒྱུན་བསྲིངས་པ་དང་། དམངས་སྲིད་དང་ཏང་འཛུགས་སྐྲུན། འཕྲོད་བསྟེན། རིག་གནས། སྨན་བཅོས་འགན་སྲུང་། ལས་ཞུགས་སོགས་ཀྱི་ཞབས་ཞུ་ལས་གཞི་སྡེབ་སྒྲིག་བྱས་ཏེ། ཚད་མཐོན་པོའི་ཏང་དམངས་ཞབས་ཞུ་ལྟེ་གནས་གསར་དུ་བསྐྲུན། དམར་པོའི་དཔེ་ཁང་དང་རོང་འབྲོག་པའི་མཚན་མོའི་སློབ་གྲྭ། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་སོགས་བྱེད་ནུས་ཁང་ལ་བརྟེན་ནས། “ས་ཚིགས་གཅིག་ཅན”གྱི་དམངས་ཕན་ཞབས་ཞུ་ཚོམས་ཆེན་དང“སྐར་མ15”ཡི་དམངས་ཕན་ཞབས་ཞུའི་ཚོམས་གསར་སྐྲུན་བྱས་ཏེ། ཆ་འཕྲིན་གང་སར་ཁྱབ་ཅིང་མང་ཚོགས་ཉུང་རྒྱུགས་བྱེད་པ་མངོན་འགྱུར་བྱས།

དམངས་ལ་ཞབས་འདེགས་ཞུ་བའི“ཐབས་ལམ་གསར་པ”རྒྱ་བསྐྱེད་པ། རོང་འབྲོག་ཁུལ་དུ“དམར་པོའི་སྣེ་ཁྲིད་དང་མུ་འབྲེལ་བློ་གཅིག”ཅེས་པའི་ས་ཁུལ་བརྒལ་བའི་ཏང་འཛུགས་སྐྲུན་གྱི་མནའ་འབྲེལ་ཆེན་མོའི་མཉམ་འབྲེལ་ཏང་ཀྲི་པུའུ་སྒྲིག་འཛུགས་བྱས་པར་བརྟེན་ནས། ཏང་ཡོན་གདོང་མཆོང་རུ་ཁག27བཙུགས་པ་དང་། མི་རིགས་མཐུན་སྒྲིལ་དང་ཐོན་ལས་འཕེལ་རྒྱས། གཞི་རིམ་བཅོས་སྐྱོང་སོགས་ཀྱི་གཙོ་གནད་བྱ་བར་དམིགས་ཏེ། ཕྱོགས་གཉིས་ཀས་ངོས་ལེན་བྱེད་པའི་མཉམ་འཛུགས་ཞིབ་ཐོ་གྲུབ་ཅིང་། དུས་ཐོག་ཏུ་མང་ཚོགས་ཀྱི་རེ་བ་བསྐངས། སྡེ་ཁུལ་དུ“ཨ་ནེ་དཔུང་རྟགས་དམར་པོ”དང“བཙུན་མོ་གཞུང་གི་དམག་མི་རྒན་པ”སོགས་དང་བླངས་དཔུང་སྡེའི་ནུས་པ་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱི་དོན་དུ་དངུལ་སྤྲོད་ཐོ་བསུབ་དང་སྲིད་ཇུས་འདྲི་རྩད། སྤྱི་ཕན་ཞབས་ཞུ་དང་འགལ་རྩོད་སེལ་བ་སོགས་ཀྱི་བྱ་བ་བསྒྲུབས་ཏེ། མང་ཚོགས་ཀྱི་ཡིད་ཚིམ་ཚད་དང་སྐྱིད་སྣང་སྔར་ལས་ཇེ་མཐོར་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།