ཀྲུང་གོ་བོད་ཀྱི་དྲ་བ།

རྐང་ཚ་རྫོང་གིས“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་དང་ལས་སྒོའི་མཉམ་འདྲེས་མཉམ་འཕེལ་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སངས་རྒྱས་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2023-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་རྒྱལ་ཡོངས་དང་ཞིང་ཆེན་དང་ཁུལ་གྱི་རྩ་འཛུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། “སྟོན་ཕྱོགས་བཞི”རྒྱུན་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་གྱི་འཇུག་སྒོ་དང་ཟུང་འབྲེལ་བྱེད་ས་བཙལ་ནས“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་དང་ལས་སྒོའི་མཉམ་འདྲེས་དང་མཉམ་སྐྱོད། དམིགས་གཅིག་ཤུགས་འདོན་ལ་སྐུལ་འདེད་བཏང་ཡོད།

གནད་དོན་གྱི་ཕྱོགས་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་འཛུགས་སྐྱོང་གི་བྱ་བའི་ཚད་གཞི་མཐོ་རུ་བཏང་། “གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་བསྒྲུབས་ཞུ་འབུལ་དང་དཔྱད་བརྗོད་བསམ་འཆར་ལས“གཅིག་ཤེས་ཀུན་གྲོལ”གྱིས་གནད་དོན་རིགས་ཆེ་གྲས5དང་ནང་དོན12གྲལ་བཤེར་བྱས་ཡོད། “གསར་གཉིས”རྩ་འཛུགས་ཀྱིས་ཏང་ཡོན་གྱི་འབྱུང་རྩ་ནས་གྲལ་བཤེར་བྱེད་པ་སོགས་ཀྱི་ལམ་སྲོལ་ཁག6བཙུགས་ནས་འཐུས་ཚང་དུ་བཏང་བ་དང་། ཟོག་འགྲེམས་དང་ཉོ་སྐྱེལ། མྱུར་སྐྱེལ་སོགས་གསར་དར་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་ལས་རིགས་ཁོངས་བཙུད་སོགས་ཀྱི་ལས་ཀའི་ཐབས་ལམ་ཁག4འཚོལ་ཞིབ་བྱས།

དམིགས་འབེན་གྱི་ཕྱོགས་ཁྲིད་ལག་བསྟར་བྱས་ནས་ཏང་འཛུགས་སྐྱོང་གི་ལས་ཀའི་རྨང་གཞི་བརྟན་པོར་བཏང་། “གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་བྱེད་པའི“གྲལ་བཤེར་ཆེན་པོ་དང་བཅར་འདྲི་ཆེན་པོ། བརྟག་ཞིབ་ཆེན་པོ”བཅས་ཀྱི་བྱ་སྤྱོད་སྤེལ་ནས“སྟོང་སྐོགས”ཀྲི་པུའུ2མེད་པར་བཟོས་པ་དང་སྒེར་གྱི་མཐུན་ཚོགས་ཀྱི་ཏང་ཀྲི་པུའུ་གཅིག་བཙུགས། ནུས་ཤུགས་ཡོད་རྒུས“ཆུང་གྲས་ལྔའི་བྱ་བའི་བྱེད་ཐབས”དང“སུམ་འབྲེལ་དང་སུམ་ཁྲིད། རིམ་སྤོར་གསུམ”གྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་དེ་ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པ4དང་། “ཆུང་གྲས་གཅིག”གི་ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པ4འདེམས་གཏོང་བྱས།

འགན་འཁྲིའི་ཕྱོགས་ཁྲིད་རྒྱུན་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་གི་ལས་ཀའི་གནས་བབ་གཏིང་ཟབ་ཏུ་གཏོང་དགོས། 《རྐང་ཚ་རྫོང་གིས་དུས་རབས་གསར་པའི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་ལག་བསྟར་བསམ་འཆར》ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། “གསར་གཉིས”རྩ་འཛུགས་ཀྱི“མཉམ་འདྲེས་རྣམ་པའི”ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་གསར་གཏོད་བྱེད་པ། ཞང་གྲོང་ཏང་ཨུའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། རྩ་འཛུགས་ཨུ་ཡོན་བཅས་ཀྱིས“ཕན་ཚུན་ཁ་གཏད་པའི”ཞང་གྲོང་དང“གསར་གཉིས”རྩ་འཛུགས་གཉིས་དང་སྡེ་ཁུལ་བཞི། “གསར་གཉིས”རྩ་འཛུགས་ཏང་ཀྲི་པུའུ་གཉིས་བཅས་ཀྱིས་ཀྲི་པུའུ་ཡི་འགན་འཁུར་བ་དང་ལས་འགན་སྣོལ་འཁུར་དང་ལས་དོན་མཉམ་འགུལ་བྱས།

ཕན་འབྲས་ཀྱི་ཕྱོགས་ཁྲིད་ལ་དོ་སྣང་ཆེན་པོ་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་ཕན་འབྲས་དོན་འཁྱོལ་བྱས། “ཁེར་འདེམས་རྣམ་པ”དང་བར་ཁྱད་ཅན་གྱི་གསོ་སྦྱོང་སྦྱོང་ཚན་བཀོད་སྒྲིག་བྱས་ནས་ཁེ་ལས་ཀྱི་བདག་པོ་སོགས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་གསུམ་ལ་མི་ཐེངས110ལྷག་སྤེལ་བ་དང“དམར་པོའི་སྡེ་ལས”སོགས་ཀྱི་སྤེལ་རེས་གསོ་སྦྱོང་དུས་ཐེངས་གཉིས་ལ་མི་ཐེངས40ལྷག་བྱས་ཡོད། “གསར་གཉིས”རྩ་འཛུགས་སྤྱི་ཚོགས་ཞབས་ཞུའི་ནང་ཧུར་ཐག་སྒོས་ཞུགས་པར་ཁྲིད་སྟོན་བྱས་ནས་གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་སོགས་ཞབས་ཞུའི་བྱེད་སྒོ་ཐེངས7ནང་ཞུགས་ནས་རིམ་རྩིས་བརྒྱབ་ན་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས80ལྷག་ལས་ཞུགས་ཐུབ་པ་དང་དངོས་པོའི་ཞལ་འདེབས་སྒོར་ཁྲི3.23ལྷག་བརྒྱབ་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།