ཀྲུང་གོ་བོད་ཀྱི་དྲ་བ།

ཏ་ཐུང་རྫོང་ཁྲིམས་འཛིན་ཅུའུ་ཡི་ཏང་འཛུགས་སྐྱོང་གིས་དམངས་ཕན་དྲོད་སྦྱིན་གྱི་ཞབས་ཞུར་སྣེ་ཁྲིད་སྐུལ་འདེད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སངས་རྒྱས་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2023-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲིམས་འཛིན་ཅུའུ་གཞུང་དཔང་ཁྲུའུ་ཡིས“ཏང་འཛུགས་སྐྱོང་དང་གཞུང་དཔང་ཟུང་འབྲེལ”གྱི་ཞབས་ཞུར་དམིགས་ཏེ་ཏང་འཛུགས་སྐྱོང་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་སྐྱོང་གིས་ལས་སྒོ་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག་གཞུང་དཔང་དང་དམངས་ཕན་དྲོད་སྦྱིན་གྱི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་བཏང་ནས། ཁོངས་གཏོགས་ཁུལ་གྱི་ཚོགས་སྤྱིར་མགྱོགས་མྱུར་དང་སྟབས་བདེ། ལས་ཕྱོད་ཆེ་བ་བཅས་ཀྱི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱས།

ཏ་ཐུང་རྫོང་ཁྲིམས་འཛིན་ཅུའུ་གཞུང་དཔང་ཁྲུའུ་ཡིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དེ་གཞུང་དཔང་ལས་སྒོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་དཔང་ཡིག་ལེན་པའི་སྐར་ཁུང་དུ“ཏང་ཡོན་གྱི་དཔེ་སྟོན་ལས་གནས”བཙུགས་ཏེ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས་ཐད་ཀར་ཤེས་སུ་འཇུག་པ་དང“དཔང་ཡིག་ལེན་དཀའ་བའི”གནད་དོན་ནུས་ཤུགས་ཡོད་རྒུས་སེལ་ཅི་ཐུབ་བྱས། ལྗང་མདོག་བགྲོད་ལམ་ཕྱེས་ནས་རྒན་པ་དང་ནད་པ། དབང་པོ་སྐྱོན་ཅན་སོགས་དཔང་ཡིག་ལེན་པའི་ཆ་རྐྱེན་འཛོམས་ཡོད་མོད། འོན་ཀྱང་རང་ཉིད་གཞུང་དཔང་ཁྲུའུ་རུ་འགྲོ་ལུགས་གཉེར་བར་ཡོང་མི་ཐུབ་པའི་དམིགས་བསལ་མི་ཚོགས་ལ་དམིགས་ཏེ། དྲ་ཐོག་དང་ཁ་པར་བཏང་ནས་སྒོ་ཁར་བསྐྱོད་དེ་ཞབས་ཞུའི་ལས་སྒོ་སྔོན་མངགས་དང་གཞུང་དཔང་པ་སྒོ་ཁར་བསྐྱོད་ནས་སྒྲུབ་པ་དང་། ཆེད་ལས་ཅན་དང་མི་ཆོས་རང་བཞིན་གྱི་ཞབས་ཞུའི་ཐོག་ནས་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་བཏང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་གཞུང་དཔང་ཡོང་རེ་ཞུས་པའི་དོན་དག་སྔོན་ལ་སྒྲུབ་པ་དང་། སྔོན་ལ་ཞིབ་མཆན་འགོད་པ། སྔོན་ལ་དཔང་ཡིག་སྤྲོད་པ་བཅས་བྱས། དེ་དང་ཆབས་ཅིག་གྲོང་གསེབ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་། དབང་པོ་སྐྱོན་ཅན་བཅས་ལ་གཞུང་དཔང་གི་འགྲོ་གྲོན་མེད་པར་བཏང་། གཞུང་དཔང་སྒྱུར་བཅོས་འཚོལ་ཞིབ་ཧུར་ཐག་བྱས་པའི་རྨང་གཞིའི་ཐོག་ཁྲིམས་འཛིན་སྲིད་འཛིན་གྱི་ལས་གཙོ་ལ་ནན་ཏན་ངང་དམིགས་པ་དང་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་ནུས་ལྡན་ངང་བསྡུ་སྒྲིལ་བྱས་པ་བརྒྱུད“འདུམ་འགྲིག་དང་གཞུང་དཔང་ཟུང་འབྲེལ”གྱི་ཞབས་ཞུ་བྱེད་སྟངས་འཚོལ་ཞིབ་བྱས་ནས་ཞབས་ཞུའི་རྣམ་པ་ཅན་གྱི་གཞུང་དཔང་འདུམ་འགྲིག་ཁང་བཙུགས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།