“ང་ཚོས‘སྦྲེལ་གཅིག་རོགས་ཟུང’གི་བྱ་བའི་ནང་རྐྱེན་རྒྱ་བསྐྱེད་པ་དང་། དགོས་མཁོ་ཞིབ་ཐོ་དང་ཐོན་ཁུངས་ཞིབ་ཐོ། ལས་གཞི་ཞིབ་ཐོ་བཅས‘ཞིབ་ཐོ་གསུམ’འཛུགས་པ། མིག་སྔར་རོགས་སྐྱོར་མ་དངུལ་རིམ་བསགས་ཀྱིས་སྒོར་ཁྲི120གཏོང་བ། དམངས་འཚོའི་ལས་གཞི28ལག་བསྟར་བྱེད་པ་བཅས་ཀྱིས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་རེའི་གནད་དོན52ཐག་བཅད།”ཟླ6པའི་ཚེས23ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཨུའི་རྩ་འཛུགས་པུའུ་ཡི་འགན་འཁུར་པས་དེ་ལྟར་བཤད།
ད་ལོ་ནས་བཟུང་། ནང་ཆེན་རྫོང་ཨུའི་ཐད་གཏོགས་ལས་ཁུངས་ཀྱི་བཟོ་ཚོགས་ཨུ་ཡོན་ལྷན་ཁང་གིས“འཕེལ་རྒྱས་ལ་དམིགས་ནས་ཏང་འཛུགས་སྐྲུན་ལེགས་འཛིན་བྱེད་པ་དང་ཏང་འཛུགས་སྐྲུན་ལེགས་འཛིན་བྱས་ཏེ་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི”རྩ་དོན་རྒྱུན་འཁྱོངས་དང་། ཞིབ་ཐོ་ཅན་གྱི་དོ་དམ་འཛིན་ལུང་དུ་བརྩི་བ། མཚོ་སྔོན་ཞིང་ཆེན་གྲངས་ཀ་ཅན་གྱི་ཏང་འཛུགས་སྐྲུན་གྱི་ཆ་འཕྲིན་སྟེགས་བུ་ཐེག་བྱད་དུ་བརྩི་བ། ཆ་སྒྲིག་མཉམ་འཛུགས་འབྲེལ་ཟམ་དུ་བརྩི་བ་བཅས་བྱས་ཏེ། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་དང་ལས་སྒོའི་བྱ་བ་མཉམ་འདྲེས་ཟབ་མོ་དང་ཕན་ཚུན་ལ་སྐུལ་འདེད་དང་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།
ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གྱི་རྨང་གཞི་བརྟན་པོ་ཡོང་བར་དོ་སྣང་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གྱི་སྤུས་འདེགས་ཕན་འཕར་བཟོ་འགོད་ལ་གཏིང་ཟབ་སྒོས་སྐུལ་འདེད་བཏང་སྟེ། རྩ་འཛུགས་སྒྲིག་འགོད་དང་དཔུང་སྡེ་འཛུགས་སྐྲུན། ལམ་ལུགས་ལག་བསྟར་སོགས་ཕྱོགས8ལ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཚད་གཞི་སྒྲིག་བཟོ་གཏན་འབེབས་བྱས། ཏང་དོན་ལས་སྒྲུབ་པའི་ནུས་པ་མཐོར་འདེགས་གཏོང་བའི་འཆར་གཞི་ལག་བསྟར་དང་། “ནང་དུ་གདན་འདྲེན་པ+ཕྱིར་འགྲོ་བ”གཉིས་ཟུང་འབྲེལ་བྱེད་པའི་ཐབས་སྤྱད་དེ། སྔ་གཞུག་ཏུ་ཏང་རྩ་འཛུགས་ཧྲུའུ་ཅི་དང་ཏང་དོན་རྐང་འཛིན་པ120རྩ་འཛུགས་བྱས་ཏེ། ཟི་ལིང་དང་མཚོ་ཤར་སོགས་སུ་སོང་ནས་གཤིབ་བསྡུར་སློབ་སྦྱོང་བྱས། “དམར་པོ་དང་སེར་པོ། སྔོན་པོ”བཅས་མདོག་གསུམ་གྱི་ཉེན་བརྡ་ནང་རྐྱེན་བཙུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཀ་ཅན་གྱི་ཏང་འཛུགས་སྐྲུན་གྱི་ཆ་འཕྲིན་སྟེགས་བུར་བརྟེན་ནས། ལས་ཁུངས་ཀྱི་ཏང་རྩ་འཛུགས་ལ་འགུལ་རྣམ་དོ་དམ་ལག་བསྟར་བྱེད་པ་དང་། རྗེས་ལུས་པས་སྔོན་ཐོན་བརྩོན་པ་དང་བར་རིམ་པས་སྔོན་ཐོན་བརྩོན་པ། སྔོན་ཐོན་པ་སྔར་ལས་མདུན་དུ་སྐྱོད་པར་སྐུལ་འདེད་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་སྤུས་ཀ་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་། ཏང་ཡོན་དཔེ་སྟོན་ལས་རྐང་དང་འགན་འཁྲི་ཁུལ་བགོས་པ་བརྒྱུད། ཏང་ཡོན་ལས་བྱེད་པས་གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་སྤེལ་སོགས་གཙོ་གནད་བྱ་བའི་ཁྲོད་གདོང་མཆོང་བྱེད་པ་དང་མིག་དཔེ་སྟོན་པར་སྐུལ་སྤེལ་བྱས་ཏེ། ཏང་གི་ཆབ་སྲིད་དགེ་མཚན་དང་རྩ་འཛུགས་དགེ་མཚན་དངོས་གནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར། །