ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་གྲོང་ཁྱེར་གྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་གྱི་རིམ་པ་སྤར་བར་ཏན་ཏིག་གིས་སྐུལ་འདེད་བཏང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2025-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་དང་། “ཞང་ཡོངས་སྐུལ་འདེད་དང་གྲོང་ཁྱེར་ཡོངས་མཐོར་འདེགས་གཏོང་བའི”རྩ་དོན་ལྟར། ཉེ་བའི་ལོ་འགའི་རིང་ལ་རྩ་འཛུགས་རྒྱུན་ཆད་མེད་པར་འཐུས་ཚང་དང་མགོ་ཁྲིད་ཚན་ཆུང་སྟོབས་ལྡན་དུ་གཏོང་བ་དང་། འགན་སྲུང་ཇེ་དྲག་དང་དོ་དམ་འཐུས་ཚང་དུ་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས།

ཏང་ཀྲི་པུའུ་ཡི་མགོ་ཁྲིད་ཚན་ཆུང་བརྟན་པོར་བཏང་བ། ཏང་ཀྲི་པུའུ་ཧྲུའུ་ཅི་ཐོག་མ་ཉིད་ནས་གསོ་སྐྱོང་དང་རྗེས་སྙེག་གསོ་སྐྱོང་། བརྒྱུད་རིམ་ཡོངས་སུ་གསོ་སྐྱོང་བྱེད་པ་རྒྱུན་འཁྱོངས་དང་། ཏང་ཀྲི་པུའུ་མགོ་ཁྲིད་ཚན་ཆུང་གི་ལས་སྒོ་ནུས་པ་དང་ཆབ་སྲིད་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། མགོ་ཁྲིད་ཚན་ཆུང་གི་རྩ་འཛུགས་སྒྲིག་ཁྲིམས་འདུ་ཤེས་ཇེ་ཆེར་བཏང་སྟེ། ཏང་ཀྲི་པུའུ་མགོ་ཁྲིད་ཚན་ཆུང་གིས་མཐུན་སྒྲིལ་མི་བྱེད་པ་དང“ནང་འཁྲུག་འབྱུང་བར”སྔོན་འགོག་བྱས།

ཏང་ཡོན་དོ་དམ་ལ་ཤུགས་བསྣན་པ། ཏང་ཡོན་གྱི་ཉིན་རྒྱུན་ཟིན་བྲིས་དོ་དམ་དང་ལྟ་སྐུལ་བྱ་བར་ཤུགས་སྣོན་པ་དང་། འཁོར་སྐྱོད་ཏང་ཡོན་ལ་ནུས་ལྡན་སྒོས་དོ་དམ་བྱེད་པ། “འབྲེལ་ཐག་ཆད་པའི”ཏང་ཡོན་དང“མངོན་མེད”ཏང་ཡོན། ཚད་ལྡན་མིན་པའི་ཏང་ཡོན་བཅས་འོས་འཚམ་གྱིས་ཐག་གཅོད་པ། ཏང་ཡོན་འཕེལ་རྒྱས་གཏོང་བའི“འཛུལ་སྒོ”ནན་སྲུང་བྱེད་པ། “ཏང་ཡོན་ཏང་གི་སློབ་གྲྭར་བསྐྱོད་དེ་རེས་སྐོར་སྦྱོང་བརྡར་བཟོ་འགོད”སོགས་སློབ་གསོ་བྱེད་ཐབས་དང་ཐེག་བྱད་གསར་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་སློབ་གསོ་རྣམ་པ་ཕུན་ཚོགས་སུ་བཏང་།

རྩ་འཛུགས་འཚོ་བ་ཕུན་ཚོགས་སུ་བཏང་བ། ཏང་རྩ་འཛུགས་ཀྱི་འཚོ་བའི་ནང་དོན་དེ་གྲོས་ཚོགས་དང་བཞུགས་མོལ་གྱི་རྣམ་པ་ལྟར་ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པའི་དོན་དངོས་གཉེར་བའི་རང་བཞིན་དུ་བསྒྱུར་བར་སྣེ་ཁྲིད་དང་། “སློབ་བརྩོན་རྒྱལ་སྟོབས”ཀྱི་རྒྱང་བསྟེན་སློབ་གསོ་སྟེགས་བུ་དང་སྐད་འཕྲིན་འཕྲིན་སྣེ་སོགས་དེང་རབས་ཆ་འཕྲིན་གྱི་དྲ་རྒྱ་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ། ཏང་ཡོན་སློབ་གསོ་དང་བརྗེ་རེས་ལ་ཤུགས་བསྣན་པར་མ་ཟད། “དྲ་ལམ་གྱི་རྩ་འཛུགས་འཚོ་བ”ཕུན་ཚོགས་སུ་བཏང་།

ལམ་ལུགས་དངོས་འབེབས་ཇེ་དྲག་ཏུ་བཏང་བ། ལམ་ལུགས་གྱང་ངོས་ནས་སྤྱི་བསྒྲགས་བྱེད་པ་རྒྱུན་མཐུད་སྒོས་ཚད་ལྡན་དུ་བཏང་བ་དང་། “ཞང་དང་གྲོང་རྡལ་གྱི་དམངས་ཕན་ཞབས་ཞུ་ལྟེ་གནས་དང་སྡེ་བ་དང་ཧྲེའི་ལས་དོན་ཚབ་སྒྲུབ་ས་ཚིགས”ཀྱི་རིམ་པ་གསུམ་པའི་དམངས་ཕན་ཞབས་ཞུ་དྲ་རྒྱ། དེ་མིན“ཀྲི་པུའུ་ཆ་སྒྲིག་དང་ལས་བྱེད་འབྲེལ་འདྲིས”ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཁྱོན་ཡོངས་ནས་ཞང་དང་གྲོང་རྡལ་དང་སྲང་ལམ“ལས་ཁུངས་ཅན”དུ་བསྒྱུར་བ།“ལས་ཡུལ་དང་པོའི་བྱ་བ་སྒྲུབ་ཐབས”ལག་བསྟར་བྱས་ཏེ། ལས་བྱེད་པའི“འགྲོ་སྦྱོང”གི་སྣང་ཚུལ་དེ་མགོ་མ་ཉིད་ནས་བཅོས་སྐྱོང་བྱས།

གསོ་སྦྱོང་གི་ཤུགས་ཚད་ཇེ་ཆེར་བཏང་བ། རོང་འབྲོག་པའི་ཏང་ཡོན་གྱི་བསགས་སྐར་དོ་དམ་ལག་བསྟར་བྱེད་ཐབས་བཏོན་པ་དང་། 《ཏང་ཀྲི་པུའུ་ཡི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་ཞིབ་ཐོ》རྒྱུན་ཆད་མེད་པར་ཕུན་ཚོགས་དང་འཐུས་ཚང་དུ་བཏང་སྟེ། རྣམ་པ་མང་ལ་ཕན་ནུས་ལྡན་པའི་བརྗོད་དོན་བྱ་འགུལ་སྤེལ་བར་མ་ཟད། གྲོང་ཁྱེར་དང་ཞང(གྲོང་རྡལ)གི་ཏང་གི་སློབ་གྲྭ “གྲོང་ཁྱེར་རེར་རྟེན་གཞི་རེ”ཡོད་པ་སོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཏང་གི་གཞུང་ལུགས་སྲིད་ཇུས་དང་ཏང་གཤིས་སློབ་གསོའི་ནང་དོན་འབུར་དུ་དོད་དེ། སྡེ་བའི་ལས་བྱེད་པའི་གསོ་སྦྱོང་ཤུགས་ཚད་ཇེ་ཆེར་བཏང་། །

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།