ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་དགེ་མཚན་ཟོང་རྟགས་གསར་སྐྲུན་དང་ཁྱད་ལྡན་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གསར་པ་འཕེལ་རྒྱས་དང་རྒྱ་བསྐྱེད་པ་དེ་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྤྱིའི་བཀོད་སྒྲིག་གི་སྤྱི་འདོམས་ཇུས་འགོད་ཁྲོད་བཞག་སྟེ། “སྒོང་གཏོར”ནས“བརྟན་བརླིང”དང་དེ་ནས“སྟོབས་ལྡན”དུ་བསྒྱུར་བ་མངོན་འགྱུར་བྱུང་།
གཞི་རིམ་ཏང་འཛུགས་སྐྲུན་གྱི་གཙོ་གནད་བྱ་བའི་འགན་འཁྲི་ལ་དམིགས་པ་དང་། “ཞང་འཛིན་སྡེ་སྐུལ”གྱི་གཙོ་གཞི་འགན་འཁྲི་ནན་དཀྲི་བྱེད་པ། ཏང་རྩ་འཛུགས་རིགས་དབྱེ་དོ་དམ་ཁྱབ་སྤེལ་བཏང་ནས། སྡེ་བའི་ཏང་རྩ་འཛུགས་ཀྱི་ནུས་མེད་ལྷོད་གཡེང་གི་ནད་གཞི་རྩ་བ་ནས་བཅོམ། སྡེ་བའི(སྡེ་ཁུལ)ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཏང་འཛུགས་སྐྲུན་ལེགས་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་བའི་གསོ་སྦྱོང་དང་ཏང་ཡོན་ཏང་གི་སློབ་གྲྭར་བསྐྱོད་དེ་གཅིག་བསྡུས་སྒོས་རེས་སྐོར་སྦྱོང་བརྡར་བྱེད་པ། སྡེ་བའི་ལས་བྱེད་པའི་སློབ་གཉེར་དང་བྱང་ཚད་མཐོར་འདེགས་དང་རོང་འབྲོག་པའི་ཏང་ཡོན་གྱི་དགུན་དཔྱིད་སྦྱོང་བརྡར་སོགས་སྤེལ་ཏེ། གསོ་སྦྱོང་གི་ཁེབས་ཚད94%ཡན་ལ་སླེབས་པར་མ་ཟད། སློབ་ཆེན་པ102སྡེ་བ་ནས་ལས་འགན་འཁུར་བར་གདན་འདྲེན་བྱས་པ་དང་། སྡེ་བ་རིམ་པའི་རྗེས་གྲབས་འཇོན་མི་ཁྲོད་སློབ་ཆེན་པ168ཡོད་ལ། སློབ་ཆེན་པ་སྡེ་བར་སོང་ནས་ལས་འགན་འཁུར་བའི་བསྡུར་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་།
སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དེ་ཞང་དང་གྲོང་རྡལ་གྱི་མགོ་ཁྲིད་ཚན་ཆུང་གི་དཔྱད་ཞིབ་གཙོ་གནད་དམིགས་ཚད་ཁྲོད་བཞག་པ་དང་། རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པས་སྣེ་འབྲེལ་སྒོས་འཛིན་པ་དང་། སྡེ་ཁག་འགན་འཁུར་བས་སྡེ་བ་འགན་ལེན་བྱས་ཏེ་འཛིན་པ། ཞང་དང་གྲོང་རྡལ་གྱི་མཉམ་འབྲེལ་སྡེ་བའི་མགོ་ཁྲིད་ཀྱིས་ཆེད་དུ་འཛིན་པ། ཧྲུའུ་ཅི་དང་པོས་བྱེ་བྲག་ཏུ་འཛིན་པའི་ནང་རྐྱེན་བཀོད་སྒྲིག་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐུལ་སྤེལ་བྱས། སྣེ་འབྲེལ་ལས་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་དང་། “རོགས་སྐྱོར་སྡེ་ཁག་གི་ཏང་ཀྲི་པུའུ+རོགས་སྐྱོར་སྡེ་ཁག་གི་ཏང་ཡོན+རོགས་སྐྱོར་སྡེ་བ+དཀའ་ངལ་ཏང་ཡོན”གྱི་ཐུན་མོང་ཚོགས་པ་གྲུབ་སྟེ། སྡེ་བའི་ཐུན་མོང་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས། སྡེ་བའི་ཐུན་མོང་ཁེ་ཕན་བགོ་བཤའ་དང་སྤྱི་ཕན་དངུལ་ལེན་པ། སྡེ་བ་རིམ་པའི་འཁོར་སྐྱོད་གྲོན་དངུལ་ཁ་གསབ་སོགས་ཀྱི་གཏན་འབེབས་གསལ་བོར་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁེ་ཕན་བགོ་བའི་འབྲེལ་བ་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་།
ནོར་གནག་དང་འབྲོག་ལུག ནས། ལོག་དཀར། གཟན་རྩྭ་བཅས་དགེ་མཚན་ལྡན་པའི་ཐོན་ལས་ཆེན་པོ་ལྔར་བརྟེན་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་རྫས་དང་ཐོན་ཁུངས་བཀོལ་སྤྱོད་བྱེད་པ། སྡེ་བསྟུན་ཇུས་བསྟར་སྒོས་འཕེལ་རྒྱས་ཀྱི“ཇུས་འགོད”སྒྲིག་བཟོ་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་གསར་པ་འཕེལ་རྒྱས་རྒྱ་སྐྱེད་བཏང་། ཐུན་ཏེ་རྫོང་གི་དེང་རབས་ཕྱུགས་ལས་ཚན་རྩལ་ཐོན་ལས་གླིང་ལ་གཞིགས་ནས། “ཐོན་ལས་གླིང+སྡེ་བའི་ཐུན་མོང་དཔལ་འབྱོར+ཀུང་སི+མཉམ་ལས་ཁང+འབྲོག་ཁྱིམ”བཅས་ཀྱི་མཉམ་ལས་མ་དཔེ་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། རྫོང་ཡོངས་ཀྱི་ནོར་གནག་གསོ་སྤེལ་མཉམ་ལས་ཁང28དང་ཁེ་ཕན་ཡོད་པའི་ཐུན་མོང་ཚོགས་པ་གྲུབ་པར་མ་ཟད། རྩྭ་ཕྱུགས་མཉམ་འགུལ་དང་འདེབས་གསོ་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་འདེགས་སྐྱོར་གྱིས་ཐོན་ལས་འཕེལ་རྒྱས་བཏང་ཞིང་། ལོ་སྔོན་མའི་ནང་དུ་ཕྱུགས་ཟོག་ཁྲི13བཙོངས་ཏེ་རྫོང་ཡོངས་ཀྱི་ལུག་འཚོང་ཚད་ཀྱིས50%ཟིན་ཡོད།།