“ཐེངས་འདིའི་གསར་བརྗེ་ཞིབ་འཇུག་དང་སློབ་སྦྱོང་གི་གོ་སྐབས་བརྒྱུད། གསར་བརྗེ་ཡི་རྗེས་ཤུལ་འཚོལ་བ་དང་དུས་མཉམ་དུ་གསར་བརྗེའི་རིག་གནས་ལ་བག་ཆགས་འཇོག་ཐུབ་པ་བྱུང་། ”ཞེས་རྫོང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་མ་ཧོང་རུང་གིས་དེ་ལྟར་བཤད། ལོ་འདི་དག་གི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་ཏང་ཡོན་སློབ་གསོ་ནི་ཏང་འཛུགས་སྐྲུན་བྱ་བའི་རྨང་གཞི་གལ་ཆེན་ཞིག་ཏུ་བཟུང་ནས་བརྗོད་དོན་སྣེ་ཁྲིད་དང་ཞིབ་སློབ་ལམ་ཐིག གྲུབ་འབྲས་གཞན་སྒྱུར་བཅས་གནས་གསུམ་ཤུགས་འདོན་གྱིས་ཏང་ཡོན་སློབ་གསོ“ནུས་ལྡན”དུ་བསྒྱུར། “ཏང་གི་སློབ་ཁྲིད་ནི་གཞི་ནས་འདི་ལྟར་ཁྲིད་ཆོག་པ་ཤེས། སློབ་ཁྲིད་ལ་གསོན་ཉམས་ལྡན་པས་ང་ཚོ་ལ་ཤིན་ཏུ་འཚམ། དོན་གོ་སླ་ཞིང་སྤྲོ་སྣང་གིས་ཁེངས་པས། དུས་ཚོད་ཐུང་ཡང་བག་ཆགས་ཧ་ཅང་ཟབ། ཉན་རིན་དང་སློབ་རིན་ཆེ”ཞེས་ཏང་ཡོན་རྒན་པ་ཚེ་རིང་ལ་ཚོར་སྣང་ཟབ་མོ་སྐྱེས།གཞུང་ལུགས་སློབ་སྦྱོང་སློབ་གསོའི་གོ་རིམ་ཁྲོད། ཆབ་སྲིད་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་གསོ། གསར་བརྗེ་སྲོལ་རྒྱུན་སློབ་གསོ་སོགས་ཕྱོགས7གྱི་གཞི་རྩའི་སློབ་སྦྱོང་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཞིང་སྡེ་དང་ལས་ཁུངས། སློབ་གྲྭ། སྨན་ཁང་སོགས་ཁྱབ་ཁོངས་ཀྱི་ཏང་ཡོན་གསར་པ་དང་རྒན་པ། འཁོར་སྐྱོད་ཏང་ཡོན་སོགས་ཚོགས་པ5ལ་དམིགས་ནས་ཏང་གི་སློབ་གྲྭ་དང་། རང་བྱུང་སློབ་གྲྭ་སོགས་གནས་ཡུལ་ལ་བརྟེན། ཏང་ཡོན་ཏང་གི་སློབ་གྲྭར་བསྐྱོད་ནས་གཅིག་བསྡུས་རེས་སྐོར་གསོ་སྦྱོང་དང་། ཏང་ཀྲི་པུའུ་ཧྲུའུ་ཅིའི་ནུས་པ་མཐོར་འདེགས་གཏོང་བ་སོགས་གསོ་སྦྱོང་བརྒྱུད་ཏང་ཡོན་ལས་བྱེད་པའི་ཏང་གཤིས་གསོ་སྦྱོང་ལ་ཤུགས་བསྣན་ཞིང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློ་དང་ལས་དོན་ལ་སྐུལ་འདེད་བཏང་།རྒྱང་བསྟེན་སློབ་གསོ་དང་ཆི་ལེན་གདོང་ལེན་སོགས“མཉམ་འབྲེལ་དྲ་རྒྱ+”ཡི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་གཞུང་ལུགས་དང《ལིའང་ཅ་ཧོ》ཡི་བཀླགས་ཚོར། “དྲག་པ་བཞི་དང་ལེགས་པ་ལྔ”སོགས་ཆེད་དོན་ལེ་ཚན་བཙུགས་ཤིང་། ཉིན་རེ་བཞིན་འབྲེལ་ཡོད་ཀྱི་བརྙན་ཐུང་དང་པར་འགྲེལ་སོགས་སྤེལ་ནས་ཤེས་བྱའི་སྦྱོང་བརྡར་དང་དྲ་ལམ་བགྲོ་གླེང་བྱས་པར་མ་ཟད། དུས་མཚུངས་སུ་ཏང་ཡོན་སློབ་གསོའི་རྣམ་པ་ཆིག་རྐྱང་གི་གནད་དོན་སོགས་ལ་དམིགས་ནས་ས་གནས་དང་མཐུན་པའི་སློབ་གསོ་གསོ་སྦྱོང་འཚོགས་ཤིང་དུས་རབས་གསར་པའི་ཏང་ཡོན་སློབ་གསོའི་རྣམ་པ་གསར་པ་བཏོད།“སྔོན་ཆད་ཙོག་ནས་བསྡད་དེ་ཉན་པ་ལས་ལས་རྒྱུ་ཅི་ཡང་མི་འདུག ད་ལྟ་ཉན་པ་དང་ལྟ་བ། ཕན་ཚུན་ལ་བགྲོ་གླེང་བྱས་ཆོག”ཅེས་ཏང་ཡོན་མའོ་ཨའེ་ཅུན་གྱིས་བཤད། ཉེ་བའི་ལོ་འགའི་རིང་ལ། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་དམར་དམག་ནུབ་ལམ་དམག་དང་བཅིངས་འགྲོལ་དམག་དཔུང་གཉིས་པའི་རྗེས་དྲན་གླིང་དང་། སྟག་སྣ་དགོན་གྱི་འཐབ་ཤུལ་སོགས་གསར་བརྗེ་ཞིབ་འཇུག་དང་སློབ་སྦྱོང་གི་གནས20དང་ཁྲ་གཟེབ་ལུང་བ་སྡེ་བའི་ལོ་རྒྱུས་ཁང་། རྐང་ཐང་གསར་བརྗེ་ལམ་ཐིག་སོགས་བརྒྱུད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཁྲོད་ཀྱི་ཞུམ་མེད་ཀྱི་འབད་འཐབ་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་ཐད་ནས་མིག་དཔེ་དང་བྱས་རྗེས་བཞག“ཏང་གི་སློབ་ཁྲིད་བྱེད་མགོ་བརྩམས་བྱུང”དང“གསར་བརྗེ་གློག་བརྙན་ལ་ལྟ་བ”སོགས་བྱ་འགུལ་ལ་བརྟེན། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཟབ་མོ་དང་ཡུལ་དངོས་སློབ་ཁྲིད། ལག་བསྟར་ཉམས་ལེན་སོགས་ཀྱི་རྣམ་པ་མང་པོ་བརྒྱུད། གནས་ལུགས“བསྙོན་མེད”དང་གཏམ་རྒྱུད“ངོ་མར”སྦྱར་ནས་ཏང་ཡོན་ལས་བྱེད་པ་རྣམས་ལ་གསར་བརྗེ་རྒན་རབས་རྣམས་ཀྱི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་དང་གཤིས་བཟང་ལ་སློབ་སྦྱོང་བྱེད་དུ་བཅུག་ཅིང་། དད་མོས་ཀྱི་རྩ་བ་བརྟན་ལ་ཆབ་སྲིད་ཀྱི་རང་མདངས་མ་འགྱུར་བར། ཐོག་མའི་འགན་འཁྲི་བརྟན་པར་བྱས། “ནང་དུ་འདྲེན་པ་དང་ཕྱི་རུ་སྐྱོད་པ”ཡི་ཐབས་ལམ་སྤྱད་དེ་ཕྱུགས་ལས་ཕྱུགས་སྨན་དང་མི་རིགས་མཐུན་སྒྲིལ། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ཐད་ནས་ཞིང་ཆེན་དང་ཁུལ། རྫོང་ཨུའི་ཏང་གི་སློབ་གྲྭའི་ཆེད་མཁས་པ་སློབ་ཁྲིད་བྱེད་པར་གདན་དྲངས་ཏེ་གཞི་རིམ་མང་ཚོགས་ཀྱི་ཁས་ལེན་དང་ཡི་རངས་ཐོབ། “ས་གནས་ཆེད་མཁས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་ཕྱུགས་དང་ནགས་ལས། སྐྱེ་ཁམས་སོགས་ལས་ཁུངས་ཀྱི་ཆེད་ལས་ལས་བྱེད་པ་སྐོང་འཐེན་བྱས་ཏེ“རྟ་ཐོག་གི་དྲིལ་སྒྲོག་རུ་ཁག”དང“འཕྲུལ་རྟའི་དྲིལ་སྒྲོག་རུ་ཁག”སོགས་རུ་དཔུང་བཙུགས་ནས་སློབ་ཁྲིད་སྒོ་ཁར་སྐྱེལ་བ་ཡོངས་སུ་མངོན་འགྱུར་བྱུང་བར་མ་ཟད། ཏང་དམངས་ཞབས་ཞུ་ལྟེ་གནས་དང་རོང་འབྲོག་པའི་མཚན་མོའི་སློབ་གྲྭ་སོགས་གཞི་རྟེན་དུ་བྱས་ནས“ཆབ་སྲིད་གཞུང་ལུགས+རྨང་གཞིའི་ཤེས་བྱ+ཆེད་ལས་རྩལ་ནུས”ཀྱི་རྣམ་པ་བརྒྱུད་སློབ་ཁྲིད་ཀྱི་དམིགས་གཏད་རང་བཞིན་ལ་ཤུགས་བསྣན། །