མངའ་ཁུལ་དུ་ཚོང་བདག་གི་ཚབ་སྒྲུབ་དགོས་མཁོར་རྒྱུས་ལོན་བྱེད་ཀྱིན་པ།
དང་བླངས་པ་སྒོ་ཁར་སོང་ནས་མང་ཚོགས་ལ་རོགས་རམ་བྱེད་ཀྱིན་པ།
“ང་མི་ཚེའི་ནང་གི་དཀའ་སྡུག་ཆེ་ཤོས་ཀྱི་སྐབས་དང་འཕྲད་དུས། སྡེ་ཁུལ་གྱི་དང་བླངས་པས་ངའི་ཚབ་བྱས་ནས་དམངས་སྲིད་སྡེ་ཁག་ལ་དུར་འཇུག་གཟིགས་སྐྱོང་དངུལ་རེ་ཞུ་བྱས་ཏེ་བླངས་པས། ངོ་མ་བཀའ་དྲིན་ཆེ།”ཟླ4པའི་ཚེས21ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་ཤར་ལམ་སྡེ་ཁུལ་གསར་པའི་མ་མཐའི་འགན་སྲུང་ཁྱིམ་ཚང་གི་རྒན་པོ་ལི་ལགས་ཀྱིས་དེ་ལྟར་བཤད་བྱུང་།
ཟླ་བོ་ཚེ་ལས་འདས་རྗེས། ལོ་ན་བགྲེས་པའི་རྒན་པོ་ལི་ནི་སེམས་སྐྱོ་སྡུག་གིས་རབ་ཏུ་མནར་བར་མ་ཟད། ལུས་ལ་ནད་སྣ་ཚོགས་བྱུང་སྟེ་རྐང་བ་བདེ་བོ་མིན་ལ། འཚོ་བ་ཡང་ཁག་པོར་གྱུར་ཡོད། སྡེ་ཁུལ་གྱི་དང་བླངས་པ་ཀྲང་ཀྲི་ཁྲའོ་ཡིས་གནས་ཚུལ་དེ་ཤེས་རྗེས། རྒན་པོ་ལི་ཞབས་ཞུ་བསྒྲུབ་ཡུལ་གཙོ་བོར་བཞག་སྟེ། དམངས་སྲིད་སྡེ་ཁག་ཏུ་སོང་ནས་དུར་འཇུག་དངུལ་ལེན་རོགས་བྱས་པ་དང་། མངགས་གཏོང་ཁང་ནས་ཁྱིམ་ཐོ་བསུབ་ལ། སྔོ་ཚོད་ཚོང་ར་ནས་འཚོ་བའི་ཡོ་བྱད་གང་མང་ཉོས། སེམས་དྲོ་བའི་བྱ་བ་དེ་དག་གིས་མཇུག་མཐར་རྒན་པོ་ལིའི་སེམས་ཀྱི་སྡུག་བསྔལ་ཡང་སངས་པར་བྱས།
ཤར་ལམ་སྡེ་ཁུལ་གསར་པ་ནི་ཁྲི་ཀ་རྫོང་གི་སྡེ་ཁུལ་སྔ་ཤོས་ཀྱི་གྲས་ཡིན་པ་དང་། མངའ་ཁུལ་དུ་ཁྱིམ་ཚང2300ལྷག་དང་མི4400ཡོད། ལོ་ན་ཆེ་བའི་ཁྱིམ་ཚང་དང་ཁྱིམ་སྟོང་ཅུང་མང་བས། སྡོད་དམངས་ཀྱི་བྱ་བ་བསྒྲུབ་པར་རྒྱུན་དུ་དཀའ་ལས་མང་པོར་འཕྲད་ཀྱིན་ཡོད། དེའི་ཁར་མངའ་ཁོངས་ནང་དུ་སྒོ་འབྱེད་རྣམ་པའི་གཞིས་ཁུལ་དང་སློབ་གྲྭ་སོགས་ཡོད་པས། སྡེ་ཁུལ་གྱི་བཅོས་སྐྱོང་ལའང་དཀའ་ཁག་མི་ཉུང་བ་ཞིག་འཕྲད་ཀྱིན་ཡོད།
“མང་ཚོགས་ཀྱི་བྱ་བ་ནི་དོན་ཆེན་ཡིན་པས། སྡེ་ཁུལ་གྱི་ཆེས་གནད་འགག་ནི་ཞབས་ཞུ་ལེགས་པོར་བསྒྲུབ་པ་དང་། ལྷག་པར་དུ་རྒན་པའི་ཞབས་ཞུ་ལེགས་པོར་བསྒྲུབ་རྒྱུ་དེ་ཡིན།”ཤར་ལམ་སྡེ་ཁུལ་གསར་པའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཀྲི་ཁྲའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཤར་ལམ་སྡེ་ཁུལ་གསར་པས་སྦྲེལ་དྲ+ཚོགས་སྒྲིལ་རྣམ་པའི་ཞབས་ཞུ་མ་ལག་གི་དགེ་མཚན་དང་། སྡེ་ཁུལ་གྱི་ཏང་ཡོན་དང་དང་བླངས་ཞབས་ཞུ་རུ་ཁག་ལ་སྐུལ་སློང་བྱས་ཤིང་། “ཚབ་སྒྲུབ”ཀྱི་ལམ་ལུགས་གསར་གཏོད་བྱས་ཏེ། མངའ་ཁུལ་ནང་གི་ལྔ་སྐྱོང་ཁྱིམ་ཚང་དང་ཁེར་སྡོད་རྒན་པོ། དབང་བོ་སྐྱོན་ཅན། བུད་མེད་དང་བྱིས་པའི་ཁྱིམ་ཚང་སོགས་ལ་ཡིག་ཚགས་བསྒྲིགས་ཤིང་བྱང་བུ་བཟོས།
དེ་ལས་གཞན། རྒན་པའི་ཞབས་ཞུ་སྔར་བས་ལེགས་པོར་བསྒྲུབ་ཆེད། ཏང་ཡོན་ཚབ་སྒྲུབ་པས“ནངས་མོར་དྲ་ཡོལ་ལ་ལྟ་བ་དང་དགོང་མོར་གློག་འོད་ལ་ལྟ་བའི”གཅེས་སེམས་ཞབས་ཞུ་སྒྲུབ་ཐབས་འཚོལ་ཞིབ་བྱས། “དུས་ཚོད24ལ་དྲ་ལམ་དུ་ཡོད་པའི”ཞབས་ཞུའི་རྣམ་པ་སྲུང་འཛིན་དང་། “སྐར་མ15རིང་གི་དམངས་ཕན་ཞབས་ཞུའི་ཚོམས”ཤུགས་གང་ཡོད་ཀྱིས་བསྐྲུན་ཏེ། ཞབས་ཞུ་དངོས་གནས་མང་ཚོགས་ཀྱི་བློ་ཐོག་ལ་འཁེལ་བར་བྱས།
ཤར་ལམ་སྡེ་ཁུལ་གསར་པའི“ཚབ་སྒྲུབ”ཞབས་ཞུ་ས་ཚིགས་སུ་བསྐྱོད་པ་ན། དང་བླངས་པ་རྣམས་ཀྱིས་ལུས་ལ་ཕུ་ཐུང་དམར་པོ་དང་མགོ་ལ་ཞྭ་མོ་དམར་པོ་གོན་ཏེ། རང་རང་གི་ལས་ལ་བྲེལ་བཞིན་འདུག སྡེ་ཁུལ་གྱིས་སྡོད་དམངས་ཀྱི“ཚབ་སྒྲུབ”བྱེད་ཆོག་པའི་ཞབས་ཞུའི་དོན་ཚན་དག་རེ་རེ་བཞིན་བཀོད་ཡོད་ལ། རྒྱུ་ཆ་རྙོག་འཛིང་ཆེ་བའི་ལས་སྒྲུབ་དོན་ཚན་ལ་དམིགས་སུ་གསལ་བཤད་གསལ་པོར་བཀོད་ཡོད། སྡེ་ཁུལ་གྱི་ཞབས་ཞུ་ཚོམས་ཆེན་གྱི་འགྲེམས་སྟོན་ཁུལ་དུ་སྡེ་ཁུལ་སྡོད་དམངས་ཀྱིས་སེམས་ཁུར་བྱེད་པའི་བྱ་བ་ཆེ་མ་ཆུང་གསུམ་རེ་རེ་བཞིན་ཟིན་ཐོར་བཀོད་དེ། འཕེལ་རིམ་གནས་ཚུལ་ལ་རྟགས་མཚན་བཏབ།
ཝང་ཀྲི་ཁྲའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཏང་ཡོན་ཚབ་སྒྲུབ་པའི་སྐུལ་ཁྲིད་འོག སྡེ་ཁུལ་གྱིས་བསྟུད་མར“ཤིང་རྟ་མོའི”ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་རུ་ཁག་སོགས་དང་བླངས་ཚོགས་པ་བཙུགས་པ་དང་། ལྟ་སྐྱོང་བྱེད་དགོས་པའི་སྡོད་དམངས་ཀྱི་ཉིན་རྒྱུན་འཚོ་བའི་ཁྲོད་འབྱུང་བའི་དཀའ་ཁག་རབ་དང་རིམ་པ་སྟེ། སྲང་དུ་སྔོ་ཚོད་ཉོ་དཀའ་བ་དང་རིན་པ་སྤྲོད་དཀའ་བ། ལས་ཁུངས་སུ་བྱ་བ་སྒྲུབ་དཀའ་བ་སོགས་ལྟ་བུ་ལ་དམིགས་ནས། འབྲེལ་ཡོད་ཀྱི“ཚབ་སྒྲུབ”ཞབས་ཞུ་དང་རིན་མེད་སྐྱེལ་འདྲེན་གྱི་ཞབས་ཞུའི་བྱ་བ་སྒྲུབ་པ་དང་། “དཀའ་ཁག་ཡོད་ཚེ་ཏང་ཡོན་བཙལ་ཏེ་ཚབ་སྒྲུབ་བྱས་ཆོག”ཅེས་པའི་ཚིག་དེ་ནི་སྡེ་ཁུལ་སྡོད་དམངས་ཀྱི་ཁ་ཚིག་ཏུ་གྱུར་ཡོད།
“ཚབ་སྒྲུབ”ཞབས་ཞུ་སྔར་བས་རྒྱུན་རྣམ་ཅན་དུ་གྱུར་པ་དང་བསྟུན། ཤར་ལམ་སྡེ་ཁུལ་གསར་པས“ཞབས་ཞུ་གཞི་རྩ་དང་ལས་ཡུལ་རྨང་གཞི་ཡིན་པའི”འདུ་ཤེས་ལྟར། སོ་སོར“སེམས་དྲོ་མྱུར་སྐྱེལ”ས་ཚིགས་གསུམ་བཙུགས་པ་དང་། དང་བླངས་པ་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་པར་གྱུར་པ་མ་ཟད། དུས་བཅད་ལྟར་དམངས་ཀྱི་གནས་ཚུལ་གླེང་བའི་ཚོགས་འདུ་འཚོགས་ཏེ། དམངས་ཀྱི་སྐད་ཆར་ཉན་པ་དང་བསམ་འདུན་སྡུད་པ། དཀའ་ངལ་བསལ་བ་བཅས་བྱས།
“རོགས་རམ”ལས་ཞབས་ཞུ་དང“ཚབ་སྒྲུབ”ལས་བདེ་སྐྱིད་ཐོན། ཤར་ལམ་སྡེ་ཁུལ་གསར་པས་ལོ5ཡི“ཚབ་སྒྲུབ”ཞབས་ཞུ་སྒྲུབ་པ་དང་། “ཚབ་སྒྲུབ”བྱས་པའི་བྱ་བའི་གྲངས་ཀ་བསྡོམས་རྩིས་མ་བླངས་ཀྱང་། “དམངས་ཀྱི་གནས་ཚུལ་ཟིན་ཐོར་འགོད་པ”ནས“དུས་ཚོད24རིང་གི་དྲ་ལམ”ཞབས་ཞུའི་བར། སྡོད་དམངས་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་དེ་ནི་ཤར་ལམ་སྡེ་ཁུལ་གྱི་བྱ་བའི་གྲུབ་འབྲས་ལ་ཐོབ་པའི་གདེང་འཇོག་མཐོ་ཤོས་དེ་ཡིན། །