ཀྲུང་གོ་བོད་ཀྱི་དྲ་བ།

《ཤེས་ལྡན་མི་སྟེ་མིའི་རིགས་ཀྱི་ལོ་རྒྱུས་མདོར་བསྡུས》དང་འབྲེལ་ཡོད་མཚམས་སྦྱོར་མདོར་བསྡུས།

  རྩོམ་པ་པོ། : རིག་འཛིན་ཚེ་རིང་གིས་དབྱིན་ཡིག་ལས་བསྒྱུར།འགྲེལ་བཤད་པ།བདེ་ལེགས་མཚོ།   སྤེལ་དུས། : 2023-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.png

རྩོམ་པ་པོ་ཡོ་ཝལ•ནོ་ཡ•ཧ་ར་རི།(Yuval Noah Harari)

      《ཤེས་ལྡན་མི་སྟེ་མིའི་རིགས་ཀྱི་ལོ་རྒྱུས་མདོར་བསྡུས》ནི་དབྱི་སི་རལ་གྱི་ལོ་རྒྱུས་རིག་པ་སྨྲ་བའམ་རྩོམ་པ་པོ་གྲགས་ཅན་ཡོ་ཝལ•ནོ་ཡ•ཧ་ར་རི(Yuval Noah Harari)ཡིས་བརྩམས་པའི་ལོ་རྒྱུས་བསྟན་བཅོས་ཤིག་ཡིན། སྤྱི་ལོ2012ལོར་ཐོག་མར་འགྲེམ་སྤེལ་བྱས། བརྩམས་ཆོས་ནང་དངོས་ལུགས་རིག་པ་དང་རྫས་འགྱུར་རིག་པ། མིའི་རིགས་རིག་པ། སྐྱེ་ཁམས་རིག་པ། ཆབ་སྲིད་རིག་པ། སེམས་ཁམས་རིག་པ་བཅས་ཕྱོགས་མང་པོའི་ཤེས་བྱ་བེད་སྤྱད་དེ། རྡོ་ཆས་རྙིང་མའི་དུས་སྐབས་ནས་བཟུང་། དུས་རབས་ཉེར་གཅིག་པའི་བར་གྱི་ལོ་རྒྱུས་ཞིམ་མོར་འགྲེལ་ཡོད། ཁོང་གིས་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་འགྱུར་རྒྱུད་རིམ་དེ། རྣམ་པར་རྟོག་པའི་གསར་བརྗེ་དང་ཞིང་ལས་གསར་བརྗེ། ཚན་རིག་གསར་བརྗེ་བཅས་དུས་སྐབས་གསུམ་ལ་དབྱེ་ནས་གསེད་བཀྲོལ་བྱས་ཡོད། སྤྱི་ལོ2015ལོའི་ཟླ3པར《ཉིའུ་ཡའོ་དུས་རབས་ཚགས་པར》གྱི་ཚོང་རྒྱུག་དཔེ་དེབ་ལ་འདེམས་ཤིང་། ལོ་དེའི་ཟླ4བར། ཀྲུང་གོའི་རྒྱལ་ཁབ་དཔེ་མཛོད་ཁང་གི་སྐབས་བཅུ་བའི་ཝིན་ཅིན་དཔེ་དེབ་བྱ་དགའ་ཐོབ། 

ཡོ་ཝལ•ནོ་ཡ•ཧ་ར་རི་ནི1976ལོར་དབྱི་སི་རལ་ནས་སྐྱེས་ཤིང་། 2002ལོར་ཨོ་ཁི་སི་ཧྥོ་དི་སློབ་གྲྭ་ཆེན་མོ(Oxford University)ཡི་ལོ་རྒྱུས་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ་ཐང་ཐོབ་པ་དང་། ད་ལྟ་ཧེ་པི་རེ་སློབ་གྲྭ་ཆེན་མོ(Hebrew University)ཡི་ལོ་རྒྱུས་རིག་པའི་སྡེ་ཁག་གི་དགེ་རྒན་ཆེན་མོའི་འགན་འཁུར་ཡོད།

人类简史 英文.jpg

ཡོ་ཝལ•ནོ་ཡ•ཧ་ར་རིའི་ཞིབ་འཇུག་ཁ་ཕྱོགས་ནི་དུས་རབས་བར་མའི་ལོ་རྒྱུས་དང་དམག་དོན་ལོ་རྒྱུས་ཡིནཞིང་། འབྲེལ་ཡོད་བསྟན་བཅོས་དུ་མ་བརྩམས་ཡོད། ཁོང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པའི་མུ་འབྲེལ་ལོ་རྒྱུས་བརྩམས་ཆོས་ལ། 《ཤེས་ལྡན་མི་སྟེ་མིའི་རིགས་ཀྱི་ལོ་རྒྱུས་མདོར་བསྡུས》(Sapiens: A Brief History of Humankind)དང《མི་དང་ལྷ་སྟེ་མ་འོངས་པའི་ལོ་རྒྱུས་མདོར་བསྡུས》(Homo Deus: A Brief History of Tomorrow)། 《དུས་རབས་ཉེར་གཅིག་པའི་བསླབ་བྱ་ཉེར་གཅིག》(21 Lessons for the 21st Century)བཅས་གསུམ་ཡོད།

人类简史 汉文.jpg

《ཤེས་ལྡན་མི་སྟེ་མིའི་རིགས་ཀྱི་ལོ་རྒྱུས་མདོར་བསྡུས》ཀྱི་སྤྱི་ཁོག་གི་བརྗོད་དོན་གཤམ་ལྟར།

Three important revolutions shaped the course of history: the Cognitive Revolution kick-started history about 70,000 years ago. The Agricultural Revolution sped it up about 12,000 years ago. The Scientific Revolution, which got under way only 500 years ago, may well end history and start something completely different. This book tells the story of how these three revolutions have affected humans and their fellow organisms.

 གསར་བརྗེ་གལ་ཆེན་གསུམ་ལ་བརྟེན་ནས་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་འགྱུར་རྒྱུད་རིམ་གྱི་ཁ་ཕྱོགས་གཏན་ཁེལ་བྱས། ཧ་ལམ་ལོ་ངོ70000ཡི་སྔོན་དུ་རྣམ་པར་རྟོག་པའི་གསར་བརྗེའི་འགོ་བརྩམས། ཧ་ལམ་ལོ་ངོ12000ཡས་མས་སུ་བྱུང་བའི་ཞིང་ལས་གསར་བརྗེ་ལ་བརྟེན་ནས་ལོ་རྒྱུས་འཕེལ་འགྱུར་རྒྱུད་རིམ་ཇེ་མགྱོགས་སུ་སོང་བ་དང་། ལོ་ངོ500ཙམ་གྱི་སྔོན་དག་དག་ལ་བྱུང་བའི་ཚན་རིག་གསར་བརྗེ་ལ་བརྟེན་ནས་ལོ་རྒྱུས་ཤིག་གི་མཇུག་རྫོགས་ཤིང་། གསར་གཏོད་བླ་སྲོག་ཡིན་པའི་ལོ་རྒྱུས་ཞིག་གི་འགོ་བརྩམས། འདིར་གསར་བརྗེ་གལ་ཆེན་གསུམ་དང་དེ་དག་གིས་མིའི་རིགས་དང་བཅས་པའི་སྐྱེ་ལྡན་མ་ལག་ལ་ཐེབས་པའི་ཤུགས་རྐྱེན་སོགས་རིམ་པ་བཞིན་དཔྱད་བརྗོད་བྱས་ཡོད། ། 

བསྟན་བཅོས་འདིའི་ཁ་བྱང་གི་འགྲེལ།

བསྟན་བཅོས་འདིའི་ཁ་བྱང་ལ Sapiens :A Brief History of Humankind ཟེར་ཞིང་། Sapiens ནི་ཤེས་ལྡན་མི་དང་རང་ཉིད་ངོས་འཛིན་པའི་ཤེས་རབ་དང་ལྡན་པའི་མི། དེང་རབས་ཀྱི་མི་ཞེས་པའི་དོན་ཡིན་ཞིང་། A Brief History of Humankind ནི་མིའི་རིགས་ཀྱི་ལོ་རྒྱུས་མདོར་བསྡུས་ཞེས་པའི་དོན་ཡིན་པས། 《ཤེས་ལྡན་མི་སྟེ་མིའི་རིགས་ཀྱི་ལོ་རྒྱུས་མདོར་བསྡུས》ཞེས་བསྒྱུར་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།