ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་བྱིས་པའི་རྩོམ་རིག་རྣམ་བཤད་དཔེ་སྐྲུན་བྱས།

ཡོང་ཁུངས། : 四川民族出版社     སྤེལ་དུས། : 2020-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.gif

 བོད་ལ་མཚོན་ན། དུས་རབས་ཉི་ཤུ་བ་ནས་བཟུང་བྱིས་པའི་རྩོམ་རིག་གི་འཚིལ་བསྡུད་དང་དག་སྒྲིག གསར་རྩོམ། ཡིག་བསྒྱུར་སོགས་ཕྱོགས་ཡོངས་ནས་ཅུང་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཁྱད་པར་དུ་ད་ལྟའི་བར་སྲོལ་རྒྱུན་བྱིས་རྩོམ་གྱི་རྩོམ་ལུས་སྣ་ཚོགས་ལས་གཞན་ད་དུང་བྱིས་པའི་སྙན་ངག་དང་བྱིས་པའི་ལྷུག་རྩོམ། བྱིས་སྒྲུང་། བྱིས་པའི་ཟློས་གར་རྩོམ་རིག་སོགས་དེང་རབས་བྱིས་པའི་རྩོམ་རིག་གི་རྩོམ་ལུས་སྣ་ཚོགས་ཀྱང་ཆ་ཚང་ཞིང་ཕུན་སུམ་ཚོགས་པར་འགྱུར་བཞིན་པ་སྨོས་མེད་རེད།ཐེངས་འདིར་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་《བོད་ཀྱི་བྱིས་པའི་རྩོམ་རིག་རྣམ་བཤད》ཅེས་པ་འདི་ནི་འབུམ་རམས་པ་པདྨ་རྒྱལ་ལགས་ཀྱིས་ལོ་ངོ་དུ་མའི་སློབ་ཁྲིད་ལག་ལེན་དང་ཞིབ་འཇུག་གྲུབ་འབྲས་ལ་གཞི་བྱས་ནས་དགེ་འོས་སློབ་ཆེན་གྱི་བོད་སྐད་ཡིག་ཆེད་ལས་ཀྱི་དངོས་གཞི་དང་ཆེད་སྦྱོང་སློབ་མའི་བསླབ་དེབ་ལ་དམིགས་ནས་བརྩམས་པ་ཞིག་ཡིན་ཞིང་། དེབ་ཀྱི་ནང་དོན་ཐད་རང་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་ཤུལ་བཞག་རྩོམ་རིག་རྒྱུ་ཆ་ཕྱོགས་ཡོངས་ནས་འཚོལ་བསྡུ་དང་ཉིང་བསྡུས་བགྱིས་ཤིང་། རྩོམ་རིག་གཞུང་ལུགས་དང་དམངས་ཁྲོད་རྩོམ་རིག་གཞུང་ལུགས་སྤྱི་དང་ཁྱད་པར་དུ་རྒྱལ་ཁབ་ཕྱི་ནང་གི་བྱིས་པའི་རྩོམ་རིག་གཞུང་ལུགས་ཀྱི་རྩ་དོན་དང་ཐབས་ཚུལ་དང་མཐུན་པར་བརྩམས་པས། བོད་རང་གི་རྩོམ་རིག་ངོ་བོ་དང་ཁྱད་ཆོས་མ་ཉམས་པ་ཐོན་ཡོད་པར་མ་ཟད། སྒྲིག་སྟངས་ཀྱི་ཆར་བྱེ་བྲག་ཏུ་ཐོག་མར་བྱིས་པའི་རྩོམ་རིག་གི་མཚན་ཉིད་དང་བྱུང་འཕེལ་སྐོར་གླེང་ཞིང་། དེ་ནས་རྩོམ་རིག་བྱུང་འཕེལ་སྤྱིའི་འགྲོས་རིམ་དང་སྒོས་སུ་བྱིས་པའི་རྩོམ་རིག་གི་རྩོམ་ལུས་ཁག་གི་བྱུང་འཕེལ་གྱི་འགྲོས་དང་བསྟུན་ནས་གོ་རིམ་བསྒྲིགས་ཡོད་ལ། རྩོམ་ལུས་བྱེ་བྲག་པའི་སྐབས་སུ་ཡང་སྐབས་སུ་ཡང་སོ་སོའི་གོ་དོན་དང་དབྱེ་བ། ཁྱད་ཆོས། བྱེད་ལས་སོགས་ཅུང་ཞིབ་རྒྱས་སུ་གླེང་ཡོད་པར་མ་ཟད། རྩོམ་ལུས་རེ་རེའི་མཚན་གཞིའི་དཔེར་བརྗོད་ཀྱང་དྲངས་ནས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་བསླབ་གཞིའི་དམིགས་ཚད་དང་ཁྱད་ཆོས་མངོན་ཡོད་དོ།།

2.gif

3.jpg

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།