ཀྲུང་གོ་བོད་ཀྱི་དྲ་བ།

པེ་ཅིང་གི་བོད་སྐྱོར་ཁྲིམས་རྩོད་ཞབས་ཞུ་ཚོགས་པ་བོད་ལྗོངས་སུ་བསྐྱོད་དེ་སྤྱི་ཕན་ཁྲིམས་ལུགས་ཀྱི་ཞབས་ཞུ་བསྒྲུབས་པ།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།      སྤེལ་དུས། : 2020-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     བོད་སྐྱོར་ཁྲིམས་རྩོད་ཞབས་ཞུ་ཚོགས་པ་ནི་བོད་སྐྱོར་ལས་དོན་ཁྲོད་ཀྱི་དམིགས་བསལ་དཔུང་ཁག་ཅིག་ཡིན། ཁོ་ཚོ་བོད་དུ་བསྐྱོད་དེ་དཀའ་ངལ་ཡོད་པའི་ཚོགས་པར་ཁྲིམས་ལུགས་ཐད་ནས་གྱོད་དོན་སྒྲུབ་རོགས་བྱེད་པ་དང་ཁྲིམས་ལུགས་ཀྱི་ཡིག་ཆ་འབྲི་རོགས་བྱས་ཏེ། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པ། སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་བཏོན་པ་དང་། མང་ཚོགས་མང་པོ་ཞིག་ལ་ཁྲིམ་ལུགས་ཀྱི་རོགས་སྐྱོར་ལས་བྱུང་བའི་ཁེ་ཕན་མང་པོ་ཞིག་ཐོབ་པ་རེད། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)22ནས་ཡོང་བའི་ཁྲིམས་རྩོད་པ་68ཀྱིས་བོད་ལྗོངས་ཀྱི་ཁྲིམས་རྩོད་པ་མེད་པའི་རྫོང་དུ་དུས་ཡུན་ལོ་གཅིག་གི་དང་བླངས་ཁྲིམས་ལུགས་ཞབས་ཞུའི་ལས་དོན་སྤེལ་བ་དང་། དེའི་ཁྲོད་པེ་ཅིང་ནས་ཡོང་བའི་ཁྲིམས་རྩོད་པ་13གྱིས་བོད་ལྗོངས་ཀྱི་རྫོང་(ཆུས)13ལ་སྤྱི་ཕན་ཁྲིམས་ལུགས་ཀྱི་ཞབས་ཞུ་བསྒྲུབས་པ་རེད། 

1.jpg

     གསར་འགོད་པས་པེ་ཅིང་གྲོང་ཁྱེར་ཁྲིམས་འཛིན་ཅུས་ནས་ཤེས་རྟོགས་བྱུང་བར། བོད་སྐྱོར་ཁྲིམས་རྩོད་ཞབས་ཞུ་ཚོགས་པ་ནི་ཀྲུང་གོའི་ཁྲིམས་འཛིན་པུའུ་ཡིས་རྒྱལ་ཡོངས་ཀྱི་སྤུས་ལེགས་ཁྲིམས་ལུགས་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་བྱས་ཏེ།  བོད་ལྗོངས་ཀྱི་མང་ཚོགས་ལ་ཁྲིམས་ལུགས་ཞབས་ཞུ་མཁོ་འདོན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ཁྲིམས་ལུགས་རོགས་སྐྱོར་དང་བླངས་པའི་བྱེད་སྒོ་“1+1”དང་ཁྲིམས་རྩོད་པ་མངགས་ནས་ནུབ་རྒྱུད་ཀྱི་ཁྲིམས་རྩོད་པ་མེད་པའི་རྫོང་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་རྗེས་སུ་སྤེལ་བའི་སྤྱི་ཕན་ཁྲིམས་ལུགས་ཞབས་ཞུའི་བྱེད་སྒོ་གལ་ཆེན་གཞན་ཞིག་རེད།

     པེ་ཅིང་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་འགོ་ཁྲིད་དང་པེ་ཅིང་ཁྲིམས་རྩོད་པས་2019ལོའི་བོད་སྐྱོར་ཁྲིམས་རྩོད་ཞབས་ཞུ་ཚོགས་པའི་ལས་དོན་འགོ་བཙུགས་མཛད་སྒོའི་སྟེང་བསྐྱོན་པའི་མཉམ་པར།

     ལོ་མང་རིང་གི་པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ཁྲིམས་ལུགས་ཞབས་ཞུའི་བྱེད་སྒོའི་ཁྲོད་དུ། མི་ལ་ལ་མུ་མཐུད་བོད་ལྗོངས་སུ་རྐང་ཚུགས་ནས་སྡོད་འདོད་ཡོད་ལ། ཡང་མི་མང་པོ་ཞིག་རང་འགུལ་ངང་བྱེད་སྒོའི་ཁྲོད་ཞུགས་ནས་བོད་ལྗོངས་ལ་ཞབས་འདེགས་ཞུས་ཏེ། སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་ངང་བསྒྲུབ་བཞིན་ཡོད། བོད་སྐྱོར་ཁྲིམས་རྩོད་ཞབས་ཞུ་ཚོགས་པའི་ནང་ལིང་ཞའོ་སོགས་པེ་ཅིང་གི་ཁྲིམས་རྩོད་པ་3བོད་ལྗོངས་སུ་ལོ་གཅིག་ལ་ཞབས་འདེགས་ཞུས་རྗེས། ས་གནས་དེ་གའི་རེ་ཞུ་འོག་2019ལོའི་ཟླ་7པ་ནས་བཟུང་མུ་མཐུད་རང་གི་ལས་གནས་སྲུང་ནས་བསྡད་པ་དང་། ལོ་54ལ་སླེབས་པའི་ཁང་ལི་ཙེ་སོགས་ཁྲིམས་རྩོད་པས་“1+1”ཀྲུང་གོའི་ཁྲིམས་ལུགས་རོགས་སྐྱོར་དང་བླངས་པའི་བྱེད་སྒོ་བརྒྱུད་བོད་སྐྱོར་དཔུང་ཁག་ནང་ཞུགས་ཤིང་།  རང་འགུལ་ངང་བོད་དུ་དང་བླངས་ཞབས་ཞུའི་ལས་དོན་སྤེལ་རྒྱུའི་རེ་བ་བཏོན་པ་རེད། ལི་པིན་ཅེ་སོགས་ཁྲིམས་རྩོད་པ་གསུམ་གྱིས་2019ལོར་བོད་སྐྱོར་གྱི་མིང་ཐོ་ཐོག་མར་བཀོད་པ་དང་། གངས་ལྗོངས་ས་མཐོའི་ཁྲིམས་ལུགས་རོགས་སྐྱོར་བྱ་གཞག་གི་མདུན་དུ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་བརྒྱུད་སྤྲོད་བྱས་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། དེ་ལས་གཞན་པེ་ཅིང་གྲོང་ཁྱེར་གྱིས་ཕུགས་ལ་ཕན་པའི་ལམ་སྲོལ་འཛུགས་རྒྱུར་སྣང་ཆེན་བྱེད་པ་རེད། པེ་ཅིང་གྲོང་ཁྱེར་ཁྲིམས་འཛིན་ཅུས་དང་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་མིང་རྟགས་བཀོད་པའི《ཁ་གཏད་རོགས་སྐྱོར་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་སྒྲོམ་གཞིའི་གྲོས་མཐུན》ལ་གཞིགས་ན། པེ་ཅིང་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་2018ལོ་ནས་2020ལོའི་བར། ལོ་ལྟར་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་དང་འབྲེལ་ཡོད་ལས་སྒོའི་ལས་དོན་སྤེལ་བའི་ཐད་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་100སྤྲད་པ་དང་། དེ་དང་ཆབས་ཅིག་དང་བླངས་ཁྲིམས་རྩོད་པ་མངགས་གཏོང་དང་ནུབ་རྒྱུད་ཀྱི་ཁྲིམས་རྩོད་པ་གསོ་སྐྱོང་བྱེད་པ་ཟུང་འབྲེལ་བྱས་ཏེ། མིག་རྒྱང་རིང་པོའི་སྒོ་ནས་གནད་སྨིན་ཁྲིམས་སྐྱོང་དབུལ་སྐྱོར་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་རེད། ཉེ་བའི་ལོ་ཤས་རིང་། པེ་ཅིང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་300བཏང་ནས་བོད་ལྗོངས་ཚུད་པའི་ནུབ་རྒྱུད་ས་ཁུལ་གྱི་ཁྲིམས་རྩོད་པ་3200ལྷག་ཙམ་ཆེད་དོན་གསོ་སྦྱོང་བྱས་པ་དང་། མི་གྲངས་ཀྱི་ཐད་ནས་བོད་ལྗོངས་ལ་གཟིགས་སྐྱོང་བྱས་ཡོད་ལ། མ་དངུལ་སྒོར་ཁྲི་162.5བཏང་ནས་ལྷ་ས་སོགས་ཁ་གཏད་རོགས་སྐྱོར་ས་ཁུལ་དུ་ཁྲིམས་རྩོད་ལས་དོན་ཁང་གི་ལས་སྒོའི་རླངས་འཁོར་25ཞལ་འདེབས་ཕུལ་བ་རེད།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།