ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འབྲེལ་ཁུལ་བཞིའི་སྲིད་གྲོས་ཨུ་ཡོན་གྱི་ཆེད་དོན་གྲོས་མོལ་སྲིད་གླེང་ཚོགས་འདུ་ཐེངས་གཉིས་པ་པདྨ་རྫོང་དུ་འཚོགས།

ཡོང་ཁུངས། : 来自三色班玛一藏文专版     སྤེལ་དུས། : 2019-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

   ཟླ8པའི་ཚེས21ཉིན“སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་དགོས”བརྗོད་དོན་ཡིན་པའི་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཁུལ་བཞིའི་སྲིད་གྲོས་ཨུ་ཡོན་གྱི་ཆེད་དོན་གྲོས་མོལ་སྲིད་གླེང་ཚོགས་འདུ་ཐེངས་གཉིས་པ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་དུ་འཚོགས་པ་རེད། མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་དང་ཁུལ་བཞི་ནས་ཕེབས་པའི་ཞིང་ཆེན་དང་ཁུལ(རྫོང)གྱི་འབྲེལ་ཡོད་མགོ་ཁྲིད་དང་ཨུ་ཡོན། དེ་བཞིན་པདྨ་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུའུ་རེན་ཨུ་ཡོན་ཏུའུ་ཏེ་ཀྲི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་བ་རེད།

2.jpg

  ཐེངས་འདིའི་མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འབྲེལ་ཁུལ་བཞིའི་སྲིད་གྲོས་ཨུ་ཡོན་གྱི་ཆེད་དོན་གྲོས་མོལ་སྲིད་གླེང་ཚོགས་འདུ་ནི་ན་ནིང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཐེ་བོ་རྫོང་དུ་ཐེངས་དང་པོར་འཚོགས་པའི་ཞིང་ཆེན་གསུམ་དང་ཁུལ་བཞིའི་སྲིད་གྲོས་ཨུ་ཡོན་གྱི་ཆེད་དོན་གྲོས་མོལ་སྲིད་གླེང་ཚོགས་འདུའི་ཐེངས་གཉིས་པ་ཡིན་ལ། ཚོགས་འདུའི་དམིགས་ཡུལ་ནི“འདྲ་མཉམ་ངང་གྲོས་བསྡུར་དང་། བྱ་སྤྱོད་མཐུན་སྦྱོར། གཉིས་ཁེ་གཉིས་ཕན།  ཕྱོགས་མང་མཉམ་ཕན”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཁུལ་བཞི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་གཏོད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དེ་ཡིན།  ཕན་ཚུན་འབྲེལ་མཐུད་དང་།མཉམ་འགུལ། ཕན་ཚུན་སྐུལ་འདེད། ཕན་ཚུན་ཡར་རྒྱས་བཅས་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་ས་ཁོངས་མཉམ་ལས་འཕེལ་རྒྱས་ལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་དམངས་འཚོ་ལེགས་གཏོང་དང་། དཔལ་འབྱོར་འཕེལ་རྒྱས།སྤྱི་ཚོགས་བཅོས་སྐྱོང་། སྣོད་བཅུད་སྲུང་སྐྱོང་། ཕན་ཚུན་སྐུལ་འདེད་བཅས་ཀྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་ཁུལ་བཞིའི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ཚད་ལྡན་ཅན་དང་། རྒྱུན་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་ཕྱོགས་སུ་མགྱོགས་མྱུར་ངང་སྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།

3.jpg

སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་གྱིས་གཏམ་བཤད་གནང་བཞིན་པ།

4.jpg

མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིའུ་ཏ་ཡིས་གཏམ་བཤད་གནང་བཞིན་པ།

5.jpg

ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞིས་ཆང་གིས་གཏམ་བཤད་གནང་བཞིན་པ།

6.jpg

མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་དབྱིན་གྱིས་གཏམ་བཤད་གནང་བཞིན་པ།
  ཚོགས་འདུའི་ཁྲོད། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་དབྱིན་དང་། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིའུ་ཏ་ཡི། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞིས་ཆང་བཅས་ཀྱིས་སྔ་རྗེས་སུ“ལག་གདང་སྦྲེལ་ནས་དུས་བདེ་འཆམ་མཐུན་མཉམ་སྐྲུན་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་བ། ”མཉམ་འགུལ་མཉམ་འདྲེས་དང་སྒོ་འབྱེད་མཉམ་སྐྱོང་གིས་རྒྱུན་ཆད་མེད་པར་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་དང་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ནུས་ཤུགས་ཆེ་རུ་གཏོང་བ་དང་།”“ཧུར་ཐག་གིས་དུས་རབས་གསར་པའི་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ཏེ་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དཔེ་སྟོན་ཁུལ་བསྐྲུན་པར་འབད་བརྩོན་བྱ་དགོས།”“སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་སྐྲུན་མཉམ་སྐྱོང་དང་མཉམ་སྤྱོད་བཅོས་སྐྱོང་གི་གནས་བབ་ཆགས་པར་བྱས་ཏེ་བོད་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བའི་རྨང་གཞི་བརྟན་པོ་འདིང་དགོས།”ཞེས་པའི་གཏམ་བཤད་སྤེལ་བ་རེད། དེ་དང་ཆབས་ཅིག་ཏུ་ཞིང་ཆེན་གསུམ་དང་ཁུལ་བཞིའི་ཨུ་ཡོན་གྱི་འཐུས་མིས་ཚོགས་ཆེན་ལ་གཏམ་བཤད་སྤེལ་རེས་བྱས་པ་རེད།

7.jpg

  མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཆི་ཡིས་བསྟན་དོན། མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འབྲེལ་ཁུལ་བཞིའི་སྲིད་གྲོས་ཨུ་ཡོན་གྱི་ཆེད་དོན་གྲོས་མོལ་སྲིད་གླེང་ཚོགས་འདུ་ཐེངས་གཉིས་པ་དེ་ལྟེ་བའི་ལས་འགན་དང་སྔར་བས་འཚམ་པ་དང་།མང་ཚོགས་དང་སྔར་བས་མཐུན་པ། སྲིད་གྲོས་ཀྱི་ཁྱད་ཆོས་སྔར་བས་མངོན་གསལ་དོད་དེ“འདུ་ཤེས་བཞི”སྔར་བས་མངོན་པ་བཅས་བྱས་ཏེ་ཁུལ་བཞིའི་སྲིད་གྲོས་བྱ་གཞག་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་འབུལ་ངེས་ཡིན།

8.jpg

   མགོ་ལོག་ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཐའོ་ཡུང་ལི་ཡིས་མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འབྲེལ་ཁུལ་བཞིའི་སྲིད་གྲོས་ཨུ་ཡོན་གྱི་ཆེད་དོན་གྲོས་མོལ་སྲིད་གླེང་ཚོགས་འདུ་ཐེངས་གཉིས་པས་ལྟེ་བར་དམ་པོར་དམིགས་པ་དང་།  སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ལྷག་བསམ་ཟོལ་མེད་ཀྱིས་དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་ཆབ་སྲིད་གྲོས་མོལ་དང་།དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་འགན་ནུས་ལག་བསྟར་བྱེད་པ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་སྤེལ་ལེགས་སྒྲུབ་བྱེད་པ་དང་།དམངས་འཚོ་ལེགས་སུ་གཏོང་བའི་ཁྲོད་མཐོང་རྒྱ་ཆེ་རུ་གཏོང་བ། འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས།

9.jpg

   མགོ་ལོག་ཁུལ་ཨུའི་རྒྱུན་ཨུ། པདྨ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ངོ་སྤྲོད་གནང་རྒྱུར། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར98ལོན་པ་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པར་བསུ་བ་བྱེད་པའི་སྐབས་སུ་པདྨ་རྫོང་དུ་མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འབྲེལ་ཁུལ་བཞིའི་སྲིད་གྲོས་ཨུ་ཡོན་གྱི་ཆེད་དོན་གྲོས་མོལ་སྲིད་གླེང་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། ཚོགས་ཆེན་གྱིས་པདྨ་ཉེ་བའི་ལོ་ཤས་རིང་གི་ལས་དོན་ཁག་ལ་ངོས་འཛིན་དང་ཁས་ལེན་གང་ལེགས་གནང་པ་རེད།ཐེངས་འདིའི་ཚོགས་འདུའི་མགྲོན་བདག་ཡིན་པའི་ཆ་ནས། ཉེ་བའི་ལོ་ཤས་རིང་། པདྨ་རྫོང་གིས་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ།“པདྨའི་ཉམས་མྱོང”གི་དཔེ་མཚོན་བྱེད་ཐབས་ཕྱོགས་སྡོམ་དང་སྣུར་སྲིང་བྱས་པ།དུས་བབ་ལས་འགན་གྱི་འགྱུར་ལྡོག་གསར་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་རང་འགུལ་ངང་འཚམ་པར་བྱས་ནས། ད་ལྟའི་པདྨ་རྫོང་གི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་འཛུགས་སྐྱོང+“པདྨའི་ཉམས་མྱོང”གི་རིམ་སྤོར་པར་གཞི་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ།བོད་རིགས་ས་ཁུལ་གྱི་རྫོང་ཁོངས་བཅོས་སྐྱོང་གི་ཁྱད་ལྡན་ལམ་བུའི་ཐོག་བསྐྱོད་དེ་ལག་ལེན་དངོས་ཀྱི་ཐོག་ནས་རྫོང་ཡོངས་ཀྱི་ལས་དོན་ཐམས་ཅད་འཕེལ་རྒྱས་ཡོང་བར་སྟོབས་ཤུགས་འབུལ་བཞིན་ཡོད། 

10.jpg

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།