ཀྲུང་གོ་བོད་ཀྱི་དྲ་བ།

ཧའོ་ཁིན་དང་མཉམ་དུ་སྟོང་ཁམས་ཆེན་པོར་ཞིབ་མོར་འཇུག་པ། དང་པོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བདག་གིས་དུས་ཚོད་གང་མང་བེད་སྤྱད་དེ་སྟོང་ཁམས་ལ་བསམ་བློ་བཏང་མོད།འོན་ཀྱང་རང་ལ་སུན་སྣང་གཏན་ནས་སྐྱེས་མ་མྱོང་།གང་ལྟར།དེ་ནི་རྟོགས་ཡུལ་ཁྱད་པར་ཅན་ཞིག་ཡིན་ལ།དེ་ནི་སྟོང་ཁམས་ཆེན་པོའི་ཁམས་སམ།མུ་མཐའ་མེད་པའི་ཁམས་ཆེན་པོ་ཞིག་ཀྱང་ཡིན།གང་དེའི་ཆེས་ཆུང་མཐའི་འོད་ཐིག་རེ་རེའང་བརྟན་སྐར་མ་ལག་རེ་ཡིན།བརྟན་སྐར་མ་ལག་རེར་བརྟན་སྐར་དུང་ཕྱུར་བཞི་སྟོང་ལྷག་ཡོད།དེ་ལྟ་བུའི་སྟོང་ཁམས་ནི་ཆེས་གསར་ཐོན་གློག་ཀླད་ལ་བརྟེན་ན་ད་གཟོད་ཟུར་ཙམ་མཐོང་ཐུབ། བདག་གིས་དེ་ཡི་སྨྲ་བསམ་བརྗོད་འདས་ཀྱི་མཛེས་སྡུག་མཐོང་།

 དུང་ཕྱུར་མང་པོའི་རྩིས་གྲངས་ཀྱིས་བགྲང་དཀའི་བརྟན་སྐར་མ་ལག་ལ་བརྟེན་ནས།དྲ་རྒྱ་ཆེན་པོ་ཞིག་གྲུབ་ཡོད་ལ།དྲ་རྒྱ་དེ་ཕྱོགས་བཅུར་བརྐྱངས་ཡོད།ལྷག་པར།བདག་གིས་སྣང་ཆུང་བྱེད་མི་ཕོད་པའི་གནས་ཤིག་ཡོད་པ་ནི།མུ་མཐའ་མེད་པའི་སྟོང་ཁམས་དེར།ཧ་ཅང་རྒྱུན་ལྡན་ཡིན་པའི་དུང་དཀར་གཡས་འཁྱིལ་ལྟ་བུའི་བརྟན་སྐར་མ་ལག་ཅིག་ཡོད།བརྟན་སྐར་མ་ལག་དེར་ཁ་དོག་སེར་པོའི་བརྟན་སྐར་ཕལ་བ་ཞིག་ཀྱང་ཡོད།དེར་རྒྱུ་སྐར་བརྒྱད་ཀྱིས་སྐོར་བ་རྒྱག་བཞིན་ཡོད།རྒྱུ་སྐར་གཅིག་གི་སྟེང་ཚེ་སྲོག་གནས་ཡོད།ཚེ་སྲོག་དེས་སྟོང་ཁམས་ཆེན་པོའི་མཚར་གནས་སྣ་ཚོགས་ངོས་འཛིན་མགོ་བརྩམས།དེ་ནི་ང་ཚོ་སྟེ་མིའི་རིགས་ཡིན།།

རྩོམ་སྒྲིག་པ། : གངས་བསོད།