ཀྲུང་གོ་བོད་ཀྱི་དྲ་བ།

ཧའོ་ཁིན་དང་མཉམ་དུ་སྟོང་ཁམས་ཆེན་པོར་ཞིབ་མོར་འཇུག་པ།གླེང་གཞི།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདུད་རྩིས་བསྒྱུར།   སྤེལ་དུས། : 2020-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧའོ་ཁིན་དང་མཉམ་དུ་སྟོང་ཁམས་ཆེན་པོར་ཞིབ་མོར་འཇུག་པ།

གླེང་གཞི།

ཁྱེད་རྣམས་བདེ་མོ། ངའི་མིང་ལ་སི་ཏེ་རྒྱུན·ཧའོ་ཁིན་ཟེར།

བདག་ནི་དངོས་ལུགས་སྨྲ་བ་དང་སྟོང་ཁམས་རིག་པ་སྨྲ་བ།ཕུགས་བསམ་གྱི་དབང་སྒྱུར་མཁན་ཞིག་ཀྱང་ཡིན།

ང་རང་འགུལ་སྐྱོད་བྱེད་དཀའ་ཞིང་། སྐད་ཆའང་གློག་ཀླད་ལ་བརྟེན་དགོས་མོད། འོན་ཀྱང་། དཔྱོད་ཤེས་ཕྱོགས་ནས། ང་ནི་རང་དབང་ལྡན་པ་ཞིག་ཡིན་པས། རང་འདོད་ལྟར་སྟོང་ཁམས་ལ་ཞིབ་མོར་འཇུག་ཆོག་ལ། ཡོད་པའམ་ཤེས་བྱ་ཐམས་ཅད་ཀྱི་མཐར་ཐུག་གི་གཏམ་རྒྱུད་ཀྱང་བརྗོད་ཆོག་པ་ཡིན།  ཐམས་ཅད་ཀྱི་གཏམ་རྒྱུད་དེ་ཡོད་པ་རང་ལྟར་ཡིན་ཏེ། སྟོང་ཁམས་བྱུང་མ་ཐག་གི་སྐད་ཅིག་མ་དང་པོ་ནས། འཇིག་རྟེན་ཆགས་ཤིང་དེའི་ཡོད་པ་ཐམས་ཅད་དང་། ཧ་ཅང་རྒྱང་རིང་གི་མ་འོངས་པ་སྟེ། སྟོང་ཁམས་ཀྱི་མཐར་ཐུག་ཉིད་ཀྱང་འདུས་ཡོད་པས། དུས་དང་ཁམས་ཡོངས་སུ་དཔྱོད་ཤེས་སྒོས་ལྗོངས་རྒྱ་མཛད་པར་ངོས་བཟུང་ཆོག དེའི་རྐྱེན་གྱིས་ཞིབ་མོར་འཇུག་རོགས། །

རྩོམ་སྒྲིག་པ། : གངས་བསོད།