ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཁེ་ལས39ཀྲུང་གོ་རྒྱལ་སྤྱིའི་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཚོགས་འདུ་སྐབས་བཅུ་དགུ་བར་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཞིང་ལས་ཞིང་སྡེ་པུའུ་ཡིས་བསྡུས་པའི་ཀྲུང་གོ་རྒྱལ་སྤྱིའི་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཚོགས་འདུ་སྐབས་བཅུ་དགུ་བའི“2022ལོའི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་གི་ཆེད་དོན་ཐོན་འཚོང”སི་ཁྲོན་ཁྲེང་ཏུའུ་ཡི་ནུབ་རྒྱུད་དངོས་མང་འགྲེམས་སྟོན་ཁང་དུ་སྤེལ་མགོ་ཚུགས་པ་རེད། བོད་ལྗོངས་ཀྱི་མཐོ་སྒང་གི་ཁྱད་ཆོས་ལྡན་པ་དང་ལྗང་མདོག སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ལ་སྔར་བས་རོགས་འདེགས་དང་། རོང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་སྐྱེད་དུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་གི་ཏང་ཙུའུ་ཁོངས་མིའམ་ཐིང་ཀྲང་གཞོན་པ་ཀྲང་ཧའེ་པའོ་ཡིས་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཁེ་ལས39ཡི་རིགས་ཆེན་པོ5དང་ཐོན་རྫས210ལྷག་ཁྱེར་ནས་ཉོ་ཚོང་ཚོགས་འདུར་ཞུགས།

བྱ་འགུལ་ཁྲོད། ཀྲང་ཧའེ་པའོ་ཡིས་རྒྱལ་ཡོངས་ཀྱི་ཉོ་སྒྲུབ་ཚོང་བར་དུས་རབས་གསར་བའི་ལོ་ངོ་བཅུའི་རིང་བོད་ལྗོངས་ཀྱི་ཞིང་ལས་ཞིང་སྡེ་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་དང་། ལྷག་པར་དུ་དབུལ་ཐར་འགག་སྒྲོལ་ནས་བཟུང་བོད་ལྗོངས་ཀྱི་མཐོ་སྒང་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་ངོ་སྤྲོད་བྱས་ཏེ། ཉོ་ཚོང་ཚོགས་འདུར་ཞུགས་པའི་ཁེ་ལས་ཡོངས་ལ་གངས་ལྗོངས་མཐོ་སྒང་གི་ལྷག་བསམ་ཟོལ་མེད་ཀྱི་གདན་ཞུ་ཕུལ། དེ་དང་ཆབས་ཅིག དྭངས་གཙང་གི་མཐོ་སྒང་། སྐྱེ་ཁམས་བདེ་ཐང”ཞེས་པ་བརྗོད་གཞི་དང་། གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་གཙོར་བྱས་ནས། ཕྱོགས་ཡོངས་དང་ཟུར་མང་པོའི“བོད་ལྗོངས་ནས། འབྲི་གཡག་གི་ཤ་དང་འོ་མ། བོད་ཇ། ལུག་བལ་ཐོན་རྫས”སོགས་མཐོ་སྒང་ཁྱད་ལྡན་མུ་འབྲེལ་ཟོང་རྟགས་ཀྱི་སྣང་བརྙན་འགྲེམས་སྟོན་བྱས་པ་དང་། བོད་ལྗོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཟོང་རྟགས་ཁྱབ་གདལ་དུ་བཏང་སྟེ། བོད་ལྗོངས་ཀྱི་མཐོ་སྒང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རྒྱལ་ཡོངས་ཁྲོམ་རའི་སྙན་གྲགས་དང་ཤུགས་རྐྱེན་མཐོར་འདེགས་སུ་བཏང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས་ཞིང་ལས་ཞིང་སྡེ་པུའུ་ཁྲོམ་ར་དང་ཆ་འཕྲིན་ཅན་སི་ཡི་མཛུབ་སྟོན་དང་རོགས་སྐྱོར་འོག བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གིས་ཁྲུང་ཆིང་ནོང་ཞིན་ཕག་པ་ཉོ་ཚོང་ཁྲོམ་ར་དང་སྒོར་ཁྲི4000ཡི་བོད་ཕག་ཐོན་རྫས་ཕྱིར་འཚོང་མོས་མཐུན་མངགས་ཐོའི་གན་རྒྱ་བཞག་པ་དང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་སྡེབ་འཚོང་ཁྲོམ་ར་དང་སྒོར་ཁྲི5000ཡི་འབྲི་གཡག་ཐོན་རྫས་ཕྱིར་འཚོང་མོས་མཐུན་མངགས་ཐོའི་གན་རྒྱ་བཞག

ཀྲང་ཧའེ་པའོ་ཡིས་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་གི་ཆེད་དོན་ཐོན་འཚོང་གིས་ཁྱད་ལྡན་སྤུས་ལེགས་ཞིང་ཞོར་ཐོན་རྫས་ཐོན་འཚོང་སྦྲེལ་མཐུད་གཙོར་བཟུང་ཤིང་། དེའི་དམིགས་ཡུལ་ནི་ཆེད་དོན་ཐོན་འཚོང་ལ་བརྟེན་ནས་ལས་སྟེགས་འོས་སྦྱོར་དང་། གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་དང་ཞིང་ཆེན་དང་གྲོང་ཁྱེེར་གཞན་དག་དབར་གྱི་ཞིང་ཕྱུགས་ཐོན་རྫས་ཚོང་དོན་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་གི་སྣེ་ཁྲིད་དེ་ཁྲོམ་རར་སྦྲེལ་མཐུད་བྱེད་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་ལ་བྱས་རྗེས་འཇོག་རྒྱུ་དེ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།