ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱི་འགྲིམ་འགྲུལ་གྱི་འཕོ་འགྱུར།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འདི་དག་ལ།  བདེ་ཆེན་ཁུལ་གྱིས་འགྲིམ་འགྲུལ་འཛུགས་སྐྲུན་གྱི་དཔལ་འབྱོར་དར་འཕེལ་ཁྲོད་ཀྱི་གོ་གནས་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་པ་དང་།  ས་ཁུལ་དང་ས་ཁུལ་བར་དང་།  གྲོང་ཁྱེར་དང་གྲོང་གསེབ་བར་སོགས་ཀྱི་ལམ་བུ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་རེད།

མིག་སྔའི་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་214རྒྱལ་ལམ།

འབའ་ལྷག་དཀར་རྫོང་ལྗོངས་ཁུལ་གྱི་ཕྱོགས་སུ་སྐྱོད་པའི་ལམ།

2018ལོའི་བར་དུ། བདེ་ཆེན་ཁུལ་གྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་6885.478ཟིན་པ་དང་།  ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་29ལ་སྣུམ་ལམ་ཤར་གཏོང་ཐུབ་པ་དང་མགྲོན་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ། སྦྲག་གཏོང་ཐུབ་པར་མངོན་འགྱུར་བྱས་པ་རེད། ཁྱད་པར་དུ་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བརྟན་པོའི་ངང་སྐུལ་འདེད་གཏོང་བས་བདེ་ཆེན་དུ་མྱུར་བགྲོད་གཞུང་ལམ་དང་པོ་ཡོད་པ་རེད།  སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་140.3ཡོད་པ་དང་།  2015ལོའི་ཟླ་8པར་ལས་འགོ་བཙུགས་པ་དང་2020ལོའི་ལོ་སྟོད་དུ་ཤར་གཏོང་ཐུབ་རྒྱུ་ཡིན་ཏེ།  དུས་དེར་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་ལམ་ཐག་དུས་ཚོད་3ནས་1.5རུ་ཐུང་དུ་གཏོང་རྒྱུ་རེད།

འཛུགས་སྐྲུན་བྱེད་བཞིན་ཡོད་པའི་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ།

གཞུང་ལམ་འཛུགས་སྐྲུན་མ་གཏོགས།  བདེ་ཆེན་གྱིས་ད་དུང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་འཛུགས་སྐྲུན་མྱུར་པོར་གཏོང་བ་དང་།  ཏན་བོད་ལྕགས་ལམ་གྱི་སྔོན་འགྲོའི་ལས་ཀ་སྒྲུབ་ཚད་མྱུར་པོ་གཏོང་འདུག   2019ལོའི་ཟླ་5པའི་བར་དུ།  ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་འཛུགས་སྐྲུན་གྱི་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར་65.91ཟིན་པ་དང་བདེ་ཆེན་གྱི་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར་42.6ཟིན་ཡོད། མིག་སྔར། 2020ལོའི་ལོ་མཇུག་ཏུ་སྐྲུན་ཚར་ནས་ཤར་གཏོང་ཐུབ་པའི་དམིགས་འབེན་ལྟར་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།  ཏན་བོད་ལྕགས་ལམ་གྱི་སེམས་ཀྱི་ཉི་ཟླ་ནས་སྤང་མདའ་བར་གྱི་ལམ་མཚམས་རིང་ཚད་སྤྱི་ལེ་461ཡོད་པ་དང་ཚོད་རྩིས་ཀྱི་མ་དངུལ་འཇོག་ཚད་སྒོར་དུས་ཕྱུར་639.32ཟིན།

བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་།

སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གི་རྒྱ་སྐྱེད་འཛུགས་སྐྲུན་ལས་གཞི་སྟེ་གསར་དུ་སྐྲུན་པའི་གནམ་གྲུ་སྒུག་སའི་ཁང་པ་བེད་སྤྱོད་བྱེད་པ།

མཁའ་ལམ་གྱི་ཐད།  བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་1999ལོའི་ཟླ་4པའི་ཚེས་30ཉིན་དུ་སྐྲུན་ཚར་ནས་ཤར་གཏོང་ཐུབ་པ་ནས་བཟུང་།  རྒྱ་སྐྱེད་འཛུགས་སྐྲུན་ཐེངས་གསུམ་བྱས་པ་དང་ཐེངས་བཞི་པ་ཡང་ཡུན་ནན་ཞིང་ཆེན་དར་འཕེལ་སྒྱུ་བཅོས་ཨུ་ལྷན་གྱི་ཆོག་མཆན་ཐོབ་ཡོད། མིག་སྔར།  བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གིས་པེ་ཅིང་དང་ཧྲང་ཧའེ།  ཀོང་ཀྲུའུ།  ཁྲིང་ཏུའུ།  ཞི་ཨན།  ཁྲང་ཧྲ། ཁུན་མིང་། ཁྲུང་ཆིན། ལྷ་ས། ཞི་ཧྲོང་པན་ན་བཅས་གྲོང་ཁྱེར་10དང་མཁའ་ལམ་11ཤར་གཏོང་བྱས་ཡོད་པ་རེད།

ལོ་70འི་ཚུན་དུ།  བདེ་ཆེན་མཐོ་སྒང་དུ་འགྲིམ་འགྲུལ་གྱི་འཕར་རྩ་རེ་རེ་བཞིན་འཆར་འགོད་དང་འཛུགས་སྐྲུན།  ཤར་གཏོང་བྱས་པ་དེ་ཡུན་ནན་བོད་ཁུལ་གྱི་དཔལ་འབྱོར་དར་འཕེལ་དང་མཐའ་མཚམས་དར་རྒྱས་བརྟན་བརླིང་གི་མེད་དུ་མི་རུང་བའི་སྒུལ་ཤུགས་སུ་གྱུར་ཡོད་ལ།  མ་འོངས་པར་དར་འཕེལ་གྱི་ལམ་བུ་དེ་བས་ཁྱབ་ངེས་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།