ཀྲུང་གོ་བོད་ཀྱི་དྲ་བ།

ཆི་ཅན་ཤིན་གྱིས་ཨ་ཧྥེ་རི་ཁའི་ཕག་ནད་རིམས་འགོག་གི་དམག་འཐབ་ཡག་པོ་བརྒྱབ་ནས་བཟའ་བཅའི་བདེ་འཇགས་ཐད་མང་ཚོགས་ཀྱི་བློ་ཡིད་ཚིམ་པོ་ཡོང་བར་་འགན་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

c945f08f-48ca-4c49-951d-6455ea567a69.jpg

b6356e09-f4f5-409c-9f5c-af0a8961ecc3.jpg

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་4པའི་ཚེས་9ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཤིན་གྱིས་རུ་ཁག་གསར་བའི་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཨ་ཧྥེ་རི་ཁའི་ཕག་རིམས་སྔོན་འགོག་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་རིམ་པ་ཁག་དང་སྡེ་ཁག་སོ་སོས་རིམས་འགོག་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། སྟོབས་ཤུགས་ལ་ཤུགས་སྣོན་པ། ཨ་ཧྥེ་རི་ཁའི་ཕག་རིམས་རིམས་འགོག་ལས་དོན་ཡག་པོ་སྒྲུབ་པ། བཟའ་བཅའི་བདེ་འཇགས་འགན་ལེན་བཅས་བྱས་ནས་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།    

 ཆི་ཅན་ཤིན་དང་བཅས་པས་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་སྔོན་འགོག་ཚོད་འཛིན་ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གཙང་སེལ་ར་བ་སོགས་སུ་ཕེབས་ནས་འགྲོ་ཞོར་དང་ལྟ་ཞོར་དུ་བྱ་བའི་སྙན་སེང་ལ་ཉན་པ་རེད།  

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིས་ཡུན་པིན་དང་། ཁུལ་སྲིད་གཞུང་གི་དྲུང་ཆེན་ཀྲང་ཁྲེན་ཕིང་གཉིས་ཀྱང་བརྟག་ཞིབ་ནང་ཞུགས་པ་རེད། ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བའི་འགྲོ་རོགས་འོག་རིམས་འགོག་བྱ་བའི་ལས་དོན་ལ་བརྟག་ཞིབ་བྱས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།