ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསྔགས་བརྗོད་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3fd063eb-2826-4ebf-9dd5-2cee406509b1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོའི་སྲིད་གཞུང་དྲ་བའི་ཐོག་ཁྱབ་བསྒྲགས་བྱས་པའི་《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་ རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཆེན་པོ་ཐེངས་ལྔ་པའི་ཐོག་གསར་རྙེད་བྱུང་བའི་དཔེར་མཚོན་གྱི་ཉམས་མྱོང་དང་ལས་སྟངས་ལ་བསྔགས་བརྗོད་གཏོང་བའི་བརྡ་ཁྱབ》ཐོག་རྒྱུས་ལོན་བྱུང་བ་ལྟར་ན།རང་ཁུལ་གྱིས་བོད་རིགས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྱོང་ཐད་སྐུལ་འདེད་ཏན་ཏིག་གཏོང་བའི་དཔེ་མཚོན་ཉམས་མྱོང་དང་ལས་སྟངས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསྔགས་བརྗོད་ཐོབ་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་བྱུང་བ་བརྒྱུད།པེ་ཅིང་གྲོང་ཁྱེར་གྱིས་ཤུགས་ཆེན་སྒོས་ཕྱི་རྒྱལ་བ་ཀྲུང་གོར་ཡོང་ནས་ལས་ཀ་བྱེད་པའི་ཆོག་འཐུས་ལམ་ལུགས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ས་གནས་ཀྱི་དཔེ་མཚོན་ཉམས་མྱོང་དང་ལས་སྟངས130ལ་བརྡ་ཡིག་ཐོག་ནས་བསྔགས་བརྗོད་བྱས་པ་རེད།

d173023f-78bd-43e3-8322-c00b29ce47a8.jpg

ཉེ་བའི་ལོ་འགའི་རིང་།བདེ་ཆེན་ཁུལ་གྱིས་《བདེ་ཆེན་འདི་ཉིད་རྒྱལ་ཡོངས་བོད་རིགས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཐའ་མཚམས་དར་རྒྱས་བརྟན་ལྷིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་སྐོར་གྱི་ལག་བསྟར་བསམ་འཆར་》དང་《མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》སོགས་ཆེད་དམིགས་འཆར་འགོད་8གཏན་འབེབས་བྱས་པ་རེད།ལོ་6རིང་།ཁྱོན་བསྡོམས་གོང་རིམ་ལ་མི་རིགས་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར2.3ལྷག་བརྩོན་ལེན་བྱས་པ་དང་།སྔ་རྗེས་སུ་རྫོང་བཅུ་ཤང་བརྒྱ་གྲོང་ཚོ་སྟོང་དང་དུད་ཚང་ཁྲིའི་དཔེ་སྟོན་གསར་གཏོད་ལས་གཞི་འབོར་ཐེངས་གཉིས་ལག་བསྟར་བྱས།དུས་མཚུངས་སུ།རང་ཁུལ་གྱིས་ནན་ཏན་སྒོས་ཏང་གི་མི་རིགས་སྲིད་ཇུས་དང་ཀྲུང་དབྱང་གི་བོད་སྐྱོར་མཛད་ཇུས་དོན་འཁྱོལ་བྱས་པ་དང་།གཏིང་ཟབ་སྒོས་ཁུལ་བཞིའི་ཐབས་ཇུས་ལག་བསྟར་སོགས་བྱས་ནས།མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་མུ་མཐུད་དུ་གཏིང་ཟབ་དུ་གཏོང་བས།དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་།མི་རིགས་མཐུན་སྒྲིལ།ཆོས་ལུགས་ཞི་མཐུན།དམངས་རྣམས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་མངོན་པ་རེད།

319b15d7-a454-4d33-b085-45934f243a88.jpg

དེ་ལས་གཞན་རང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་བྱེད་སྒོ་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁྱོན་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་སྟེ་གྲངས་ཉུང་མི་རིགས་ས་ཁུལ་དུ་ཡུན་རིང་འཆམ་མཐུན་དང་བརྟན་ལྷིང་བྱུང་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།