ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གྲྭ་བ་དང་ཇོ་མོའི་གནོད་ཐེབས་ཁྱིམ་ཚང་ལ་འཚམས་འདྲི་བྱས།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མིའོ་ཡིའུ་ཧྥ་ཡིས་འགོ་ཁྲིད་ཅིང་།ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཁུལ་ནང་བསྟན་མཐུན་ཚོགས་སོགས་ཚོ་ཆུང་གསུམ་བགོས་ནས། འབྲི་ཆུའི་འགྲམ་རྒྱུད་ཀྱི་གནོད་འཚེ་ཐེབས་ཡོད་པའི་གྲྭ་བ་དང་ཇོ་མོའི་ཁྱིམ་ཚང16ལ་འཚམས་འདྲིར་སོང་བ་མ་ཟད། འཚམས་འདྲིའི་སྒོར་མོ་སྟེར་བ་རེད། 

འཚམས་འདྲིའི་ལས་བྱེད་མི་སྣས་འཚམས་འདྲི་བྱེད་པའི་སྐབས་སུ་གནོད་འཚེ་ཐེབས་པའི་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱས་ཤིང་། ཞོར་དུ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་བྱེད་བཞིན་ཡོད་པའི་གནས་ཚུལ་གསལ་བཤད་བྱས་ནས།  ཏང་ཨུ་དང་སྲིད་གཞུང་ལ་ཡིད་ཆེས་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱིས་དཀའ་ཁག་ལས་རྒྱལ་དགོས་པའི་སྐུལ་མ་བཏང་བ་རེད། 

གྲྭ་བ་དང་ཇོ་མོའི་ཁྱིམ་ཚང་གིས་ཏང་དང་སྲིད་གཞུང་གིས་གནོད་ཐེབས་མང་ཚོགས་ལ་ཐུགས་ཁུར་ཆེན་པོ་བྱེད་པ་དང་གནོད་ཐེབས་ས་གནས་ཀྱི་གཞི་རིམ་ལས་བྱེད་པས་ནུས་ཤུགས་གང་ཡོད་བཏོན་ནས་མང་ཚོགས་བདེ་འགོད་ལས་ཀ་ཡག་པོ་བསྒྲུབ་པ། ཆུ་ལོག་འཇགས་རྗེས་གནོད་ཐེབས་མདུན་ཕྱོགས་ཀྱི་གནོད་སྐྱོར་གེགས་སེལ་གྱི་ལས་ཀ་འདི་འདྲའི་ཡག་པོ་བསྒྲུབ་པར་སྙིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན་ལ། དུས་མཚུངས་སུ་ཁོ་ཚོས་མུ་མཐུད་དུ་གྲྭ་བ་དང་ཇོ་མོ་རྣམས་ལ་རྒྱལ་ཁབ་ཀྱི་དྲིན་ལན་མ་བརྗེད་པར་རྒྱལ་གཅེས་ཆོས་སྐྱོང་གི་སྒོ་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་གོང་འཕེལ་གཏོང་དགོས་པའི་སློབ་གསོ་བྱེད་ངེས་ཡིན་ཞེས་བཤད། 

རང་ཁྱིམ་ན་ཡོད་པའི་གྲྭ་བ་དང་ཇོ་མོ་འགའ་རེས་ཏང་ཨུ་དང་སྲིད་གཞུང་གིས་གནོད་ཐེབས་ས་གནས་ལ་འདི་འདྲིའི་རོགས་རམ་བྱེད་པར་བཀའ་དྲིན་ཞུས་ལ། ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དྲོན་མོའི་འོག་ནས་ང་ཚོས་དཔུང་བ་མཉམ་བཤིབ་ཀྱིས་ཆུ་ལོག་གི་གནོད་པ་ལས་རྣམ་པར་རྒྱལ་ཐུབ་བྱེད་ངེས་ཡིན་ལ་ཏང་ཨུ་དང་སྲིད་གཞུང་གི་བཀའ་དྲིན་མི་བརྗེད་ཞེས་བཤད། །             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།