ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་སྲིད་གཞུང་བརྟག་ཞིབ་ཚོགས་ཆུང་གིས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་བ།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་ལྟར།  ཉེ་ཆར།  ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའམ་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་ཀྲང་ཡུན་སུང་གིས་ཚོགས་པའི་སྣེ་ཁྲིད་ནས་བདེ་ཆེན་ཁུལ་དུ་འབྱོར་བ་དང་།   བརྟན་བརླིང་འཕར་སྣོན་དང་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད། 

བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་གྱིས་ཕེབས་རོགས་ཞུས་ཡོད།  བརྟག་ཞིབ་ཚོགས་ཆུང་འཁོར་དང་བཅས་པ་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་ཆིང་ཁོའུ་བཟོ་ལས་གླིང་ཁུལ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བསྡོམས་རྩིས་ཅུས་སོགས་སུ་བསྐྱོད་ནས་རྟོག་ཞིབ་མཛད་པ་མ་ཟད་།  རང་ཁུལ་ཡི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་བསྡུས་པ་རེད།   

 ཀྲང་ཡུན་སུང་གིས་དཔལ་འབྱོར་སྤྱིའི་གྲངས་ཚད་སྲུང་འཛིན་དང་།  དཔལ་འབྱོར་སྒྲིག་གཞི་ཇེ་ལེགས་སུ་བཏང་ནས་ལོ་རྒྱུས་ཀྱི་གཞི་གྲངས་ལ་བཟོ་བཅོས་ཡང་དག་བྱེད་དགོས་པར་བསྟན། །      

རྩོམ་སྒྲིག་པ། : ཀླུ་མོ་མཚོ།