ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཏིང་ཟབ་པའི་སྒོ་ནས་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ཐུབ་པར་སྡེ་ཁག་སོ་སོ་དང་སློབ་གསོའི་མ་ལག་གི་དགེ་སློབ་བསམ་བློ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་སྟེང་གཏམ་བཤད་གནང་བའི་དགོངས་དོན་དང་གཅིག་མཐུན་ཡོང་བ་དང་གཅིག་བསྡུས་སྟོབས་ཤུགས་ཚོགས་ཆེན་གྱི་ལས་གཞི་སོ་སོའི་སྟེང་འདོན་ཐུབ་བར་སྣེ་སྟོན་བྱས་པ་རེད། ཟླ10བའི་ཚེས30ཉིན། རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་ཚོགས་འདུ་བདེ་ཆེན་ཁུལ་གྱི་ན་གཞོན་བྱ་འགུལ་ལྟེ་གནས་ནས་སྤེལ་བ་རེད། 

ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཧྥིན་ཅིང་ཞང་གིས་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་མཐོ་རིམ་སློབ་གྲྭ་སོ་སོའི་ཏང་སྲིད་ཚན་ཁག་མི་སྣ། དེ་མིན་ཁུལ་དང་རྫོང་རིམ་པའི་སློབ་གསོའི་འགན་འཛིན་མི་སྣ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ། མཐོ་རིམ་སློབ་གྲྭའི་དགེ་རྒན། སློབ་མའི་ཚབ་བྱེད་མི་སྣ་སོགས་བསྡོམས་པས་མི180ལྷག་ལ་སྒྲོག་འབྲེལ་བྱས་པ་རེད།

ཚོགས་ཞུགས་མི་སྣ་སོ་སོས་དགོངས་དོན་སྒྲོག་འབྲེལ་གྱིས་མ་འོངས་པ་ཀྲུང་དབྱང་གི་དགོངས་དོན་དང་། ཁུལ་གྱི་དོན་དངོས་གནས་ཚུལ་ཕན་ཚུན་འབྲེལ་མཐུད་དང་བསམ་བློའི་གཞུང་ལུགས་དང་ལག་ལེན་ཕན་ཚུན་ཟུང་འབྲེལ། སྤྱིའི་མཛུབ་སྟོན་དང་ཞིབ་ཕྲའི་རེ་འདུན་ཕན་ཚུན་གཅིག་གྱུར། དེ་མིན་སྒྲོག་འགྲེལ་ལ་ཉན་པ་བརྒྱུད་ནས་འཁྲུལ་མེད་དང་ཕྱོགས་ཡོངས་ནས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ཁོང་དུ་ཆུད་པར་མཛུབ་སྟོན་གྱི་ནུས་པ་ཆེན་པོ་ལྡན་པས། སྔར་ལས་ལྷག་པར་བདེ་ཆེན་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སེམས་ཤུགས་བརྟན་པོ་དང་སྒུལ་ཤུགས་ཡོད་པར་བྱས། རྗེས་ཕྱོགསམི་འགྱང་བར་ནན་ཏན་གྱིས་སློབ་སྦྱོང་ཉམས་ལེན་དང་ཕྱོགས་ཡོངས་འཁྲུལ་མེད་ཀྱིས་རྒྱུས་ལོན་ཐུབ་པ།  གཏིང་ཟབ་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་ཐུབ་པ། ཁུལ་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཐེངས་འདིའི་སྒྲོག་འགྲེལ་གྱི་དགོངས་དོན་དེ་སློབ་གསོ་འཕེལ་རྒྱས་ཀྱི་འཆར་འགོད་བསམ་བློ་དང་སློབ་གསོ་སྐུལ་སྤེལ་བྱེད་ཐབས་སུ་བསྒྱུར་ནས། སློབ་གསོ་འཕེལ་རྒྱས་ཀྱི་སྣེ་ཁྲིད་ནུས་པ་མཐོར་འདེགས་བཏང་ནས།  བསླབས་པ་དོན་དངོས་སུ་བཀོལ་ཐུབ་པར་ཕན་པ་ཆེན་པོ་ལྡན་པར་འདོད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།