སེམས་ཀྱི་ཉི་ཟླའི་ནགས་ཕག་མཚོ།

F201811081455327886704857.JPG

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནགས་ཕག་མཚོ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་དུ་ཡོད་ཅིང་། ནགས་ཚལ་གྱི་འགྲམ་དུ་ཡོད་པས་ན་མིང་དེ་ལྟར་བཏགས་པ་རེད། ནགས་ཕག་མཚོ་ནི་དུས་ཚིགས་རང་བཞིན་གྱི་འདམ་རྫབ་བརླན་ས་ཞིག་ཡིན་ཞིང་། དབྱར་གྱི་མཇུག་དང་སྟོན་ཁའི་འགོ་ལ་ཆར་ཆུ་མོད་པས། མཚེའུའི་རྒྱ་ཁྱོན་ཇེ་ཆེར་འགྲོ་བ་དང་།  སྟོན་མཇུག་ནས་སང་ལོའི་དབྱར་ཁ་ཚེས་དུས་བར། མཚོ་ཆུ་མར་ཆག་སྟེ་ན་སྤང་དུ་འགྱུར་འགྲོ་བས། "མཚེའུ་རྩྭ་ཐང་དུ་འཁྱིལ་ཞིང་། རྩྭ་ཐང་མཚེའུ་ནང་གནས"ཞེས་པའི་ཐུན་མིན་གྱི་མཛེས་ལྗོངས་ཤིག་གྲུབ་ཡོད། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།