ཐང་སྟེང་ཤང་གིས་མང་ཚོགས་ཀྱིས་དུས་ལྟར་དབུལ་སྐྱོར་ཡུལ་སྤོ་བྱེད་པར་ཁག་ཐེག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་འཇོལ་རྫོང་ཐང་སྟེང་ཤང་ནས་དབུལ་སྐྱོར་ཡུལ་སྐོར་གཅིག་སྡུད་བཀོད་སྒྲིག་ས་ཚིགས་སུ་ཨར་ལས་སྡེ་ཚན་གྱིས་མགྱོགས་མྱུར་ངང་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད། མིག་སྔར་གཙོ་བོའི་རྣམ་གྲངས་ལེགས་གྲུབ་ཟིན་པ་དང་། ཁང་བའི་ནང་ཁུལ་མཛེས་བཟོས་རིམ་པར་སླེབས་འདུག ལས་གཞིའི་འཆར་འགོད་ལྟར་ན། ད་ལོའི་ཟླ11པའི་ཚེས30ཉིན་སྔོན་དུ་རྣམ་གྲངས་འདི་ལེགས་འགྲུབ་བྱུང་དགོས་པ་དང་། མང་ཚོགས་ཀྱིས་དུས་ལྟར་གནས་སྤོ་བྱེད་པར་ཁག་ཐེག་བྱེད་དགོས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། དབུལ་སྐྱོར་ཡུལ་སྤོ་ནི་གནད་སྨིན་དབུལ་སྐྱོར་གྱི་“ཁག་གཅིག་བྱས་པ་ལྔ་ཡི”་ལས་འགན་ཁྲོད་ཀྱི་གཙོ་བོ་ཡིན་ལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་དབུལ་སྐྱོར་སྲིད་ཇུས་ལྟར་ན། འཇོལ་རྫོང་ཐང་སྟེང་ཤང་གི་དབུལ་སྐྱོར་ཡུལ་སྤོ་གཅིག་སྡུད་བཀོད་སྒྲིག་ས་ཚིགས་ནི་འབྲི་ཆུའི་འགྲམ་ངོགས་ཀྱི་ཐང་སྟེང་ཤང་དུ་བདམས་ཡོད་ལ། ཁྱོན་བསྡོམས་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་5ཡི་གྲོང་མིའི་ཚོ་ཆུང་9སྟེ་དུད་ཁྱིམ་199ཡི་མི་གྲངས་885རུ་ཁྱབ་ཡོད་པ་རེད། འདིའི་ཁྲོད་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཁྱིམ6སྟེ་མི་གྲངས་276ཡོད་པ་རེད།

རྣམ་གྲངས་འདི་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་བཀོད་སྒྲིག་བྱེད་པའི་བླང་བྱ་ལྟར་ཇུས་འགོད་འཛུགས་སྐྲུན་བྱས་པ་ཡིན་ཏེ།རྣམ་གྲངས་ཀྱི་སྤྱིའི་མ་འཇོག་སྒོར་ཁྲི12235.14ཡིན་པ་རེད། བཀོད་སྒྲིག་ས་ཚིགས་སུ་གཙོ་བོའི་འཛུགས་སྐྲུན་ལ་ཁང་བརྩེགས10ཡི་སྡོད་ཁང199ཡོད་དེ། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ23842ཡོད། དེའི་ཁྲོད་དུ་སྨི་གྲུ་བཞི་མ150ཅན་གྱི་སྡོད་ཁང57དང་།སྨི་གྲུ་བཞི་མ125ཅན་གྱི་སྡོད་ཁང43  སྨི་གྲུ་བཞི་མ100ཅན་གྱི་སྡོད་ཁང45  སྨི་གྲུ་བཞི་མ75ཅན་གྱི་སྡོད་ཁང33 སྨི་གྲུ་བཞི་མ50ཅན་གྱི་སྡོད་ཁང9 སྨི་གྲུ་བཞི་མ25ཅན་གྱི་སྡོད་ཁང12བཅས་ཡོད་པ་རེད། མི་དམངས་ཀྱི་འཚོ་བ་སྟབས་བདེ་གཏོང་བའི་ཆེད་དུ། རྣམ་གྲངས་ས་ཚིགས་ཀྱིས་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཀྱི་ཚོང་དོན་ཁང་བ་སྨི་གྲུ་བཞི་མ6182སྐྲུན་པ་མ་ཟད། གཞན་ད་དུང་ཐང་ཆེན་དང་སྐྱེ་ཁམས་འཁོར་བཞག་ཐང་ཆེན་སོགས་སྐྲུན་ནས། སྡེ་ཁུལ་གྱི་མང་ཚོགས་ལ་ཞབས་ཞུ་ལེགས་པོ་བྱས་པ་དང་བསྟུན། ཐང་སྟེང་ཤང་གི་གྲོང་ཁྱེར་ཅན་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་གང་ལེགས་བྱས་པ་རེད། །

                      

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།