ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་བདེ་ཆེན་གྱིས་གེགས་སེལ་དངོས་རྫས་འབྲི་ཆུའི་གནོད་འཚེ་བྱུང་སར་དབོར་བ་དང་མང་ཚོགས་བརྒྱད་སྟོང་ལྷག་ཙམ་གནས་སྤོ་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F201810151346308036703069.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ10ཚེས14ཉིན། གསར་འགོད་པས་ཡུན་ནན་བདེ་ཆེན་ཁུལ་གྱི་འབྲུབ་འགོག་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བདེ་ཆེན་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་འབྲི་ཆུའི་མཁྱིལ་མཚོ་རང་བཞིན་དུ་རྒྱུག་པའི་གནོད་འཚེར་ཁ་གཏད་བཅོག་བཞིན་ཡོད་ཅིང་། མིག་སྔར་གནས་སྤོ་བྱ་དགོས་པའི་མང་ཚོགས8455ཡི་གནས་སྤོ་བཀོད་སྒྲིག་ཆ་ཚང་ལེགས་གྲུབ་ཟིན་པ་དང་། འབྲེལ་ཡོད་གེགས་སེལ་དངོས་ཟོག་གཅིག་རྗེས་གཉིས་མཐུད་ངང་གཏོང་སྤྲོད་བྱེད་བཞིན་ཡོད། འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣས་སྔར་བཞིན་གཙང་པོའི་རྒྱུད་དུ་སྐོར་ཞིབ་བྱེད་བཞིན་ཡོད་པ་མ་ཟད། གཙང་པོའི་རྒྱུད་ཀྱི་ལམ་དུམ་བུ་ཁག་གཅིག་ལ་འགྲིམ་འགྲུལ་དོ་དམ་བྱས་ཡོད།

F201810151346464616703071.jpg

F201810151346382986703070.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།